阅读:3031回复:0
བསམ་གཞིག 思考
思考
བསམ་གཞིག ། 居•格桑 著 -- འཇུ་སྐལ་བཟང་། བསམ་གཞིག་གི་མགོ་ཏོ། བར་སྣང་ལ་མཐོ་བར་འཕྱང་། བྱིས་དུས་ཀྱི་རིགས་ལམ་དེ་ཤ་ཐོར་རུས་ཐོར་དུ་སོང་། འཇིག་རྟེན་མགོ་རྟིང་མ་སློག་ཀྱང་། ཅིའི་ཕྱིར་རང་ཉིད་གནམ་ས་བླ་འོག་བསྒྱུར་བར་མི་འདོད། ཐོགས་མེད་ཀྱི་མནོ་བསམ་ཁོ་ནས་ཀྱང་། ལྐོག་གྱུར་གྱི་ངོ་འབག་དེ་བཤུ་བར་ཡོངས་སུ་ནུས་ལ། དངོས་ཡོད་ཀྱི་བྲང་ཁ་དེ་དབྲལ་ཡང་ཕོད། རླུང་ཁྲོད་ལྷབ་ལྷུབ་ཏུ་ཟགས་པའི་འདབ་ལོ་རེ་རེ། དེ་ནི་ས་ཆེན་གྱི་ཚེ་སྲོག་ལ་བྲིས་པའི་རྫོགས་ཚིག་ཡིན། འབྲས་བཟང་སྨིན་པའི་ནམ་ཟླ་ཅི་ལ་ཟེར། དཔྱིད་དཔལ་གྱི་བུ་མོ་ཞེས་པ་ཡང་། ལང་ཚོའི་མཚར་སྡུག་ལྡན་པའི་སྤྲང་མོ་ཅི་ལ་མིན། ངོ་མཚར་བའི་མཛེས་ཉམས་ཅུང་ཞིག་ལྡན་ན་ཡང་། ལག་ཟུང་སྟོང་པར་ཟད། ཉིན་བྱེད་དཀྱིལ་འཁོར་ཞིག་གིས། རབ་རིབ་ཀྱི་སྐྱ་རེངས་ཕ་མཐར་བསྐྲད་རྗེས། ལྷན་ཅིག་རབ་ཏུ་མུན་ནག་པའི། རིང་ཞིང་རིང་བའི་མཚན་མོ་རེ་རེ་བཞིན་འཁྲིད་ཡོང་བས། དེ་ནས་འོད་སྣང་གི་བསླུ་བྲིད་ལ་ཡིད་ཀྱི་རྟོན་པ་ཟད། རྩི་སྦྲང་འཕུར་བའི་ཤུལ་དུ། དཀའ་སྤྱད་ཕུད་པའི་གཞན་པ་ཅི་ཞིག་ཡོད། ད་བསམ་དུས། ཕོ་རོག་གིས་རྣ་ལ་གཟན་པའི་སྐད་ཅོར་དེ་ཡང་། དེ་ནི་རང་བཞིན་མཚོན་པའི། སྙན་ངག་གྱེར་བ་ཡིན་པར་ངེས། སྐྱེ་བའི་་ཐེངས་མ་ཐམས་ཅད་འཆི་བའི་བསིལ་གྲིབ་འོག་གནས་ཤིང་། དར་ཞིང་རྒྱས་པ་ཡོད་ཚད་རྒུད་པའི་གཡང་ཁ་ན་མཆིས་སོ། ། ཨ་ཙི་ཙི། མེ་ལོང་འགྱུར་བ་རེད་དམ། ཡང་ན་གདོང་དབྱིབས་འགྱུར་བ རེད། ལྕགས་དྲྭ་ཡི་ཁང་པ་ན། སྟག་རྒོད་ཀྱིས་ཕྱིན་ནས་རྫོགས་མཐའ་མེད་པའི་ས་ཆ་ཡོད། མཐའ་མེད་ཀྱི་འཇིག་རྟེན་ན། སྦྲང་ནག་ཆུང་ཆུང་གིས་ག་ས་ག་ལ་རྡུང་། མིའུ་ཐུང་ཞིག་གི་མཛུབ་རྩེ་ཡིས། ས་ཆེན་འདི་ཉིད་ཡོངས་སུ་འདེགས། རྡུལ་ཞིག་གི་སྟེང་ན། ཀུན་ཏུ་ཕ་མེས་རྐང་གཅིག་ཅན་ལ་ཐུག་པའི་འཇིག་རྟེན་རེ་མཆིས། མཐོ་རིས་མཆི་མ་མེད་ཅེས་ཡིད་ཆེས་མ་མཛད། དམྱལ་ཁམས་དགོད་སྒྲ་མེད་ཅེས་ཡིད་རྟོན་མ་གནང་། ས་འདིར་དཔའ་ངར་ཁོ་ནས་ཐམས་ཅད་ཕྱེ་ཡོད། སྨག་མུན་གཉིས་སུ་གཤགས་པའི་ཡོལ་བ་བཞིན། མཚན་མོའི་རླུང་ཁྲོད་ན་འཕྱོ། ཨ་ཙི་ཙི། མེ་ལོང་འགྱུར་བ་རེད་དམ། ཡང་ན་གདོང་དབྱིབས་འགྱུར་བ་རེད། 思考 居•格桑 著 思考的头颅, 高悬于空中, 孩童时的逻辑支离破碎, 虽不能颠倒世界; 怎不能自己来一回天翻地覆呢? 唯有流畅的思维—— 也足以扒开神秘的面具, 敢于割开现实的胸脯! 那飘落于风中的一片片叶子, 是给大地生命写下的句号, 如何堪称丰收的季节—— 那所谓的春姑娘! 也不就是青春靓丽的乞丐吗? 虽有一丝奇妙的秀色, 却是两手空空, 一轮太阳—— 把朦胧的黎明驱逐后; 也便拖来了一个个, 漆黑的漫漫长夜, 从此对光明的诱惑失去了信任。 蜜蜂飞过之后, 除了辛勤还能有什么? 如今一想, 乌鸦那聒耳的鸣叫, 正是朗诵着—— 反映本性的诗文! 一切降生的次数都存在于死亡的阴影下, 所有旺盛都憩息于衰败的崖壁。 哎呀呀! 是镜子变了? 还是脸形变了? 在铁笼的房屋中—— 有着猛虎走不尽的地域, 在无际的世间, 小小苍蝇在到处相撞, 一位侏儒的指尖, 能撑起整个大地, 一粒尘埃之上, 都有一个祖先独脚人的世界! 莫要相信天堂没有泪水, 勿要坚信地狱没有歌声, 此地唯以英勇开劈的一切—— 犹如黑夜截成两半的帷幔, 飘荡于夜风之中, 哎呀呀! 是镜子变了? 还是脸形变了? |
|