阅读:2754回复:2
阿拉夏文法中对于第二格与第四格区分的释疑
阿拉夏文法中对于第二格与第四格区分的释疑
དེ་ཡང་ལས་སུ་བྱ་བ་དང་།དགོས་ཆེད་གཉིས་བློ་ཞིབ་མོས་མ་བརྟག་ན་དབྱེ་བ་འབྱེད་དཀའ་བའི་ཕྱིར་ལྷ་ལ་ཕྱག་འཚལ་ཞེས་པའི་ལ་སྒྲ་ཞིང་ལ་ཆུ་འདྲེན་ཞེས་པའི་ལ་སྒྲ་དང་འདྲ་བར་དགོངས་ནས་འགའ་ཞིག་གིས་དགོས་ཆེད་ཀྱི་སྒྲའི་དོན་དུ་བཀྲལ་བ་དང་ལ་ལས་གཡས་ལ་ཕྱག་འཚལ་ཞེས་པའི་ལ་སྒྲ་དང་མཐུན་པར་དགོངས་ནས་ལས་སུ་བྱ་བའི་སྒྲའི་དོན་དུ་བཀྲལ་བའི་བཞེད་པ་མི་མཐུན་པ་གཉིས་བྱུང་ངོ་། འོ་ན་དེ་གཉིས་ཀྱི་གང་འཐད་སྙམ་ན།སློབ་དཔོན་རིག་པའི་དབང་ཕྱུག་གིས།སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར།ཞེས་དང་།མ་བརྗོད་ན་ཡང་འདོད་པས་ཁྱབ།ཅེས་གསུངས་པ་ལྟར།སྨྲ་བ་པོས་ཕྱག་འཚལ་བའི་ལུས་ཀྱི་རྣམ་རིག་གི་ལས་ཙམ་སྟོན་འདོད་ནས་ལྷ་ལ་ཕྱག་འཚལ་ཞེས་བརྗོད་པའི་ཚེ་ལས་སུ་བྱ་བར་འདུ་ཞིང་།བར་ཆད་ཞི་བའི་དགོས་པ་སྟོན་འདོད་ནས་ལྷ་ལ་ཕྱག་འཚལ་ཞེས་བརྗོད་པའི་སྐབས་སུ་དགོས་ཆེད་དུ་འགྱུར་རོ་སྙམ་དུ་འཁུམས་སོ། |
|
最新喜欢:![]() |