阅读:1842回复:2

一年级课文(藏汉对照)

楼主#
更多 发布于:2015-05-05 12:44
1 རིགས༌མཐུན༌ཐ༌སྙད༌སྦྱང༌བ
生词学习
New words learning
ང༌ ཚོ༌ དགེ༌ རྒན༌ ལ༌ དགའ། དགེ༌ རྒན༌ གྱིས༌ ང༌ ཚོར༌ རིག༌ གནས༌ འཁྲིད། །
We love our teacher, who teaches us a lot of knowledge.
སློབ་ཁང
教室
སློབ་མ
学生
སློབ་གྲྭ
学校
རྫོང
密度
ཅེ་རེ
注视
དགེ་རྒན
教师
2 རི༌མོར༌བལྟས༌ནས༌མིང༌དང༌ཚིག༌སློབ༌པ།
生词学习
New words learning
སློབ༌ སྦྱོང༌ བཟང༌ པོ༌ བྱས༌ ནས། ཉིན༌ རེར༌ ཡར༌ ཐོན༌ ཡོང༌ བ༌ བྱེད༌ དགོས། །
好好学习,天天向上。
It is good for our health to make our classroom clean and keep clean.
ཕྱགས

ཕྱིས

བཀྲུ

འཁྲུད

གཅོད

ཟེ་བ
肉冠
3 རིགས༌མཐུན༌ཐ༌སྙད༌སྦྱང༌བ
生词学习
New words learning
ལུས༌ ཕུང༌ བདེ༌ ཐང༌ ཡོང༌ བའི༌ ཆེད། སྔ༌ མོར༌ ལངས༌ ནས༌ ལུས༌ རྩལ༌ སྦྱང༌ ། ང༌ ཚོ༌ ལོ༌ ཆུང༌ བྱིས༌ པ༌ རྣམས༌ ནི། མེས༌ རྒྱལ༌ གྱི༌ མ༌ འོངས༌ པའི༌ བདག༌ པོ༌ ཡིན། །
为了身体健康,早起锻炼身体, 我们少先队员是祖国未来的主人。
We young pioneers are -------- of our homeland, so we do exercises in the morning after getting up for our health.
རྒྱུག

སྤོ་ལོ

དྲག་རྩལ
武术
ལྡིང

རྐྱལ
游泳
མདའ

ནགས་ཀླུང

4 རི༌མོར༌བལྟས༌ནས༌མིང༌དང༌ཚིག༌སློབ༌པ།
生词学习
New words learning
དཔྱིད༌ ཀར༌ མྱུ༌ གུ༌ འབུས། དབྱར༌ ཁར༌ མེ༌ ཏོག༌ བཞད། སྟོན༌ ཀར༌ འབྲས༌ བུ༌ ཐོགས། །
春天发芽,夏天开花,秋天结果。
(Plantings/Trees) germinate in spring, blossom in summer and fruit in autumn.
འདེབས

འདྲེན
灌溉
འབུས
发芽
ཡུར་མ
除草
5 རི༌མོར༌བལྟས༌ནས༌མིང༌དང༌ཚིག༌སློབ༌པ།
生词学习
New words learning
འབྲོག༌ པའི༌ ས༌ ཆ༌ ལ། ཙྭ༌ ཆུ༌ གཉིས༌ ཀ༌ འཛོམ། རྟ༌ ནོར༌ ལུག༌ གསུམ༌ གྱི། ཤ༌ ཤེད༌ ཧ༌ ཅང༌ བཟང༌ ། འབྲོག༌ པ༌ མང༌ ཚོགས༌ ཀྱི། ངོ༌ ལ༌ འཛུམ༌ མདངས༌ ཤར། །
牧区有水有草,牛羊马肥又壮,牧区人民脸上有喜悦。
There is water and grass in meadow. Cattle, sheep and horses there are fat and strong, and people there are cheerful..
འབྲེག

བཞོ

དཀྲོག
搅拌
མཉེད
搓揉
འཁེལ

འཐག

6 རིགས༌མཐུན༌ཐ༌སྙད༌སྦྱང༌བ།
生词学习
New words learning
སྨྱུག༌ སྒམ༌ ཆེ། འགྱིག༌ གསུབ༌ ཆུང༌ ། ཞན༌ སྨྱུག༌ རིང༌ ། ས༌ སྨྱུག༌ ཐུང༌ ། སློབ༌ མར༌ མཁོ༌ བའི༌ ཡོ༌ བྱད༌ མང༌ ། གཅེས༌ སྤྲས༌ བྱས༌ ནས༌ བཀོལ༌ སྤྱོད༌ བྱེད། །
铅笔盒大,橡皮擦小,铅笔长,粉笔短, 学生用具有很多,用的时候要爱护!
Pencilbox is big, while eraser is small; pencil is long, while chalk is short. There are all kinds of appliance for students, and we should cherish them when using.
ཞན་སྨྱུག
铅笔
ས་སྨྱུག
粉笔
ལྕགས་སྨྱུག
钢笔
སྒོ་སམ
黑板
དཔེ་ཁུག
书包
སྣག་ཚ
墨水
སྨྱུག་སྒམ
文具盒
གཞོག་གྲི
削笔刀
འགྱིག་གསུབ
橡皮擦
7 རིགས༌མཐུན༌ཐ༌སྙད༌སྦྱང༌བ།
生词学习
New words learning
འགྲིམ༌ འགྲུལ༌ ཡོ༌ བྱད༌ ཧ༌ ཅང༌ མང༌ ། ལ༌ ལ༌ མགྱོགས༌ ཤིང༌ ལ༌ ལ༌ དལ། ལ༌ ལ༌ ཕྱུགས༌ ཀྱིས༌ དྲུད༌ ནས༌ འགྲོ། ཕལ༌ ཆེར༌ རྡོ༌ སྣུམ༌ ཤུགས༌ ལ༌ བརྟེན། །
交通工具有很多种,有的快有的慢,有的需要拉,有的靠石油行走!
There are various of vehicles, some are quick and some are slow; some need pulling and some need petro to run.
ཤིང་རྟ
马车
ལྕགས་རྟ
自行车
ཀོ་གྲུ
皮伐
འཕྲུལ་རྟ
摩托车
འགྲུལ་འཁོར
公共车
འཇེམ་འཁོར
出租车
མེ་འཁོར
火车
མཚོ་གྲུ

གནམ་གྲུ
飞机
8 རིགས༌མཐུན༌ཐ༌སྙད༌སྦྱང༌བ།
生词学习
New words learning
སིལ༌ ཏོག༌ ཐོགས༌ པའི༌ སྡོང༌ བོ༌ ལ༌ སིལ༌ སྡོང༌ ཟེར། སིལ༌ སྡོང༌ རིགས༌ གཅིག༌ གི༌ མགོ༌ ལ༌ སིལ༌ ཏོག༌ སྣ༌ ཁ༌ གཅིག༌ ཐོགས༌ པ༌ ཡིན། སིལ༌ ཏོག༌ སྣ༌ ཁ༌ མང༌ པོ༌ ནི། སིལ༌ སྡོང༌ རིགས༌ མང༌ པོའི༌ མགོ༌ ལ༌ ཐོགས༌ པ༌ ཡིན། །
结果子的树叫果树,一种果树上只能结同一种果子,不同的果子, 结在不同的果树上。
Trees those can fruit are called fruiter,one kind can only fruit one kind fruit; Different kind fruits come from different kind of trees.
ཁམ་བུ
桃子
ཀུ་ཤུ
苹果
ཆང་བ་ལི

རྒུན་འབྲུམ
葡萄
ཨ་མྲ
柿子
ཚ་ལུ་མ
橘子
སྟར་ཀ
核桃
ངང་ལག
香蕉
རག་ཤ
桃子
9 རིགས༌མཐུན༌ཐ༌སྙད༌སྦྱང༌བ།
生词学习
New words learning
མི༌ ཡིས༌ གོན༌ པའི༌ ལྭ༌ བ༌ མང༌ ། དབྱར༌ ལྭ༌ དགུན༌ སླག༌ ཚང༌ མར༌ མཁོ། །
衣服有很多种,不同的季节有不同的衣服。 .
There are all kinds of clothes, and the clothes are various from season to season
ཞྭ་མོ
帽子
ལྷམ
鞋子
རྐང་འབོབ
袜子
ཚི་ལེན
衬衣
སྟོད་ཐུང
上衣
རྐང་སྣམ
裤子
ཕྱུ་བ
袍子
ལྭ་རིང
藏袍
སླག་པ
皮袄
10 རིགས༌མཐུན༌ཐ༌སྙད༌སྦྱང༌བ།
生词学习
New words learning
ཚན༌ རིག༌ ལག༌ རྩལ༌ ངོ༌ མཚར༌ ཆེ། འཕུར༌ གྲུའི༌ ནང༌ དུ༌ བསྡད༌ པ༌ ན། ཟླ༌ བའི༌ ཐོག༌ ཏུ༌ བསྐྱོད༌ པར༌ ནུས། ང༌ ཚོ༌ ཚན༌ རིག༌ ལ༌ དགའ། ང༌ ཚོས༌ ཚན༌ རིག༌ ཤེས༌ བྱ༌ སློབ༌ སྦྱོང༌ བྱེད། །
科学很神奇,坐上飞船能到月球上,我们热爱科学,我们喜欢学习科学知识。
Science is ridiculous, and people can get to the moon by spaceship. We love science and we like learning science.
བརྙན་འཕྲིན
电视
རྩིས་འཁོར
电脑
གྱེན་འཕུར་གནམ་གྲུ
直升飞机
འཁོར་སྐར
卫星
མེ་ཤུགས་འཕུར་མདའ
火箭
11 སློབ༌ཁྲིད༌ལ༌ཉན༌པ
听课
Listen to lessons
སློབ༌ ཁྲིད། སློབ༌ ཁྲིད༌ ལ༌ ཉན། རིག༌ པ༌ བསྒྲིམས༌ ནས༌ སློབ༌ ཁྲིད༌ ལ༌ ཉན། །
课, 听课, 认真地听课;
Lessons listen to lessons,
Lessons listen to lessons, listen to lessons carefully
དྲིས༌ ལན། དྲིས༌ ལན༌ འདེབས། ལག༌ པ༌ བསྒྲེངས༌ ནས༌ དྲིས༌ ལན༌ འདེབས། །
回答, 回答问题, 举手回答问题;
Answer, answer questions, raise hands to answer questions
སློབ༌ ཚན། སློབ༌ ཚན༌ བཀླགས། སློབ༌ ཚན༌ དབྱངས༌ སུ༌ གྱེར༌ ནས༌ བཀླགས། །
课文, 阅读课文, 洪亮地阅读课文;
Text, read texts, read texts loudly
ཡི༌ གེ། ཡི༌ གེ༌ འབྲི། ཡི༌ གེ༌ གཟབ༌ གཟབ༌ བྱས༌ ནས༌ འབྲི། །
字, 写字, 一笔一画地写字.
(Chinese) characters, write characters, write characters carefully
སློབ་ཁྲིད
教学
དྲིས་ལན
答题
སློབ་ཚན
课文
ཡི་གེ
文字
12 རང༌འགན༌སྒྲུབ༌པ
本职工作
do things that you are responsible for yourself
ངར༌ ལྕགས། ངར༌ ལྕགས༌ བཞུ། ཨ༌ ཁུ༌ བཟོ༌ བས༌ ངར༌ ལྕགས༌ བཞུ༌ བཞིན༌ ཡོད། །
钢铁, 炼钢铁, 工人叔叔炼钢铁.
Steel, refine steel, workers (uncles) refine steel.
ས༌ ཞིང༌ ། ས༌ ཞིང༌ འདེབས། ཨ༌ ཁུ༌ ཞིང༌ བས༌ ས༌ ཞིང༌ འདེབས༌ ཀྱིན༌ ཡོད། །
田, 种田, 农民叔叔种田.
Field, farm, farmers (uncles) farm.
ནོར༌ ལུག ནོར༌ ལུག༌ འཚོ། ཨ༌ ཁུ༌ འབྲོག༌ པས༌ ནོར༌ ལུག༌ འཚོ༌ བཞིན༌ ཡོད། །
牛羊, 放牛羊, 牧民叔叔放牛羊.
Cattle and sheep; graze cattle and sheep, herds (uncles) graze cattle and sheep.
རིག༌ གནས། རིག༌ གནས༌ སློབ། ང༌ ཚོ༌ ལོ༌ ཆུང༌ བྱིས༌ པས༌ རིག༌ གནས༌ སློབ༌ བཞིན༌ ཡོད། །
知识, 学知识, 我们少年学知识.
Knowledge, learn knowledge; We juvenile learn knowledge.
ངར་ལྕགས
钢铁
ས་ཞིང
田地
འབྲོག་པ
牧民
བྱིས་པ
小孩
13 ནར༌སོན༌ན
长大后
after grow up
ཁྱོད༌ ནར༌ སོན༌ ན༌ ཅི༌ ཞིག༌ བྱེད༌ རྩིས༌ ཡོད། དགེ༌ རྒན། དགེ༌ རྒན༌ བྱེད༌ རྩིས༌ བྱེད། ང༌ ནར༌ སོན༌ ན༌ དགེ༌ རྒན༌ བྱེད༌ རྩིས༌ ཡོད། །
你长大后做什么, 老师, 要当老师, 长大后我要当老师.
What do you want to do after growing up? Teacher, to be a teacher; I want to be a teacher when I grow up.
བཟོ༌ བ། བཟོ༌ བ༌ བྱེད༌ རྩིས༌ ཡོད། ང༌ ནར༌ སོན༌ ན༌ བཟོ༌ བ༌ བྱེད༌ རྩིས༌ ཡོད། །
工人, 要当工人, 长大后我要当工人.
Worker, to be a worker, I want to be a worker after growing up.
སྨན༌ པ། སྨན༌ པ༌ བྱེད༌ རྩིས༌ ཡོད། ང༌ ནར༌ སོན༌ ན༌ སྨན༌ པ༌ བྱེད༌ རྩིས༌ ཡོད། །
医生, 当医生, 长大后我要当医生.
Doctor, to be a doctor, I want to be a doctor after growing up.
ཚན༌ རིག༌ པ། ཚན༌ རིག༌ པ༌ བྱེད༌ རྩིས༌ ཡོད། ང༌ ནར༌ སོན༌ ན༌ ཚན༌ རིག༌ པ༌ བྱེད༌ རྩིས༌ ཡོད། །
科学家, 要当科学家, 长大后我要当科学家.
Scientist, to be scientist, I want to be a scientist after growing up.
བཟོ་བ
工人
སྨན་པ
医生
ཚན་རིག་པ
科学家
14 ཁ༌ཕྱོགས
方向
directions
ཞོགས༌ པར༌ ཉི༌ མར༌ ཁ༌ གཏད༌ ན། ། མདུན༌ ནི༌ ཤར༌ དང༌ རྒྱབ༌ ནི༌ ནུབ། ། གཡོན༌ ནི༌ བྱང༌ དང༌ གཡས༌ ནི༌ ལྷོ། ། ཤར༌ ལྷོ༌ ནུབ༌ བྱང༌ ཁ༌ ཕྱོགས༌ གསལ། །
早晨面对着太阳, 前是东而后是西. 左是北方右是南, 东南西北很清楚.
If you face to the sun in the morning, front is east the direction behind you is west, your left is north, and your right is south. Every direction is clear.
སྐོར་བ

ཉི་མ
太阳
ཟླ་བ་
月亮
སའི་གོ་ལ
地球
15 གྲིབ༌མ།
影子
ff
གྲིབ༌ མ༌ ང༌ ཡི༌ སྔོན༌ དུ༌ ཡོད། གྲིབ༌ མ༌ ང༌ ཡི༌ རྗེས༌ སུ༌ ཡོད། གྲིབ༌ མ༌ ཁྱི༌ གུ༌ ནག༌ རིལ༌ བཞིན། ནམ༌ ཡང༌ ང༌ ཡི༌ རྗེས༌ སུ༌ འབྲང༌ ། །
影子在我前面跑,影子跟在我后面,影子就像小黑狗,经常就在我身边。
གྲིབ༌ མ༌ ང༌ ཡི༌ གཡས༌ སུ༌ ཡོད། གྲིབ༌ མ༌ ང༌ ཡི༌ གཡོན༌ དུ༌ ཡོད། ནམ༌ ཡང༌ ང༌ ལ༌ འགྲོགས༌ ནས༌ འགྲོ། ། དེ༌ ནི༌ ང༌ ཡི༌ གྲོགས༌ པོ༌ ཡིན། །
影子就在我右边,要么就在我左边,经常跟我在一起,它是我的好朋友。
ཤར

ལྷོ

ནུབ
西
བྱང

གཡས

གཡོན

མདུན

རྒྱབ

16 ཀྲུང༌གོ༌རྒྱལ༌ཁབ
中国
ff
ཀྲུང༌ གོ༌ རྒྱལ༌ ཁབ། ཀྲུང༌ གོ༌ རྒྱལ༌ ཁབ༌ ཀྱི། ། ས༌ རྒྱ༌ ཧ༌ ཅང༌ ཆེ། ། མི༌ རིགས༌ ང༌ དྲུག༌ ཡོད། ། མཐུན༌ སྒྲིལ༌ ཧ༌ ཅང༌ བཟང༌ ། ། ཕན༌ ཚུན༌ མཛའ༌ ཞིང༌ བརྩེ། ། དཔའ༌ ཞིང༌ ལས༌ ལ༌ བརྩོན། ། བློ༌ བཟང༌ རིག༌ པ༌ གསལ། ། ཚན༌ རིག༌ ལག༌ རྩལ༌ དར། ། སྟོབས༌ འབྱོར༌ མངའ༌ ཐང༌ རྒྱས། །
中国,地大物博,有五十六个民族,各族人民很团结,勤劳勇敢,有智慧而善良,科学技术也发达,富有而强大。
མི་རིགས
民族
རྒྱལ་ཁབ
国家
ཀྲུང་གོ
中国
མི་དམངས
人民
ཁྱིམ་ཚང
家庭
17 ཨ༌བཅུ༌ཆ༌བཅུ།
民间儿歌

ཨ༌ གཅིག༌ ཆ༌ གཅིག། བསེ༌ རུ༌ རྭ༌ གཅིག། ཨ༌ གཉིས༌ ཆ༌ གཉིས། ། ར༌ མ༌ ནུ༌ གཉིས། ། ཨ༌ གསུམ༌ ཆ༌ གསུམ། ། སྒྱེད༌ པུ༌ མགོ༌ གསུམ། ། ཨ༌ བཞི༌ ཆ༌ བཞི། ། མཛོ༌ མོ༌ ནུ༌ བཞི། ། ཨ༌ ལྔ༌ ཆ༌ ལྔ། ། མཛུ༌ གུ༌ སྤུན༌ ལྔ། ། ཨ༌ དྲུག༌ ཆ༌ དྲུག། སྐར༌ མ༌ སྨིན༌ དྲུག། ཨ༌ བདུན༌ ཆ༌ བདུན། ། སྐར༌ མ༌ སྨེ༌ བདུན། ། ཨ༌ བརྒྱད༌ ཆ༌ བརྒྱད། ། ཤ༌ བོ༌ རྭ༌ བརྒྱད། ། ཨ༌ དགུ༌ ཆ༌ དགུ། ། སྲིན༌ པོ༌ མགོ༌ དགུ། ། ཨ༌ བཅུ༌ ཆ༌ བཅུ། ། ཁྱི༌ མོ༌ ནུ༌ བཅུ། ། །
民间儿歌 认识数字一到十的民间小儿歌游戏。
ཉེའུ
小鱼
གྲོ
麦子
ཞོག་གོག
土豆
18 བོད༌ཀྱི༌བྱིས༌པ
藏族孩子
Tibetan children
ང༌ ནི༌ བོད༌ ཀྱི༌ བྱིས༌ པ༌ ཡིན། ང༌ རང༌ བོད༌ ལྭ༌ གོན༌ པར༌ དགའ། ང༌ རང༌ བོད༌ སྐད༌ བཤད༌ པར༌ དགའ། ང༌ རང༌ བོད༌ ཡིག༌ སློབ༌ པར༌ དགའ། གངས༌ ལྗོངས༌ འཛུགས༌ སྐྲུན༌ བྱེད༌ པའི༌ ཆེད། སློབ༌ གྲྭར༌ ཞུགས༌ ནས༌ རིག༌ གནས༌ སྦྱང༌ ། ཡོན༌ ཏན༌ ཅན༌ གྱི༌ མི༌ ཞིག༌ བྱེད །
我是个藏族孩子,喜欢穿藏服,也喜欢讲藏语,为了建设藏区,上学学知识,做一个有知识的人。
I am a Tibetan children and I like dressing Tibetan clothes and speeking Tibetan . I go to school to learn knowledge. I want to be a man of knowledge to develop Tibet.
བོད

བོད་སྐད
藏文
རིག་གནས
文化
སྦྱང

19 དཔྱིད༌ཀ༌སླེབས༌བྱུང
春天来了
Spring has come.
དཔྱིད༌ ཀ༌ སླེབས༌ བྱུང༌ ། དཔྱིད༌ རླུང༌ དལ༌ གྱིས༌ ལྡང༌ ། དྲོད༌ འཇམ༌ གྱི༌ ཉི༌ འོད༌ ས༌ གཞི༌ ཆེན༌ པོར༌ འཕྲོས། །
春天来了,春风轻轻吹,温暖的阳光照在大地上。
Spring has come, wind soft and the sun shining on earth warmly.
གངས༌ དང༌ ཆབ༌ རོམ༌ ཞུས། ས༌ བོན༌ ལས༌ མྱུ༌ གུ༌ འབུས། སིལ༌ སྡོང༌ ལ༌ མེ༌ ཏོག༌ བཞད། །
融化了雪和冰,种子发芽了,果树开花了。
Warmth melts ice and snow; seeds come and fruiters blossom.
དཔྱིད༌ ཀར༌ མི༌ རྣམས༌ ཀྱིས༌ དཀའ༌ སྤྱད༌ ཀྱིས༌ ངལ༌ རྩོལ༌ བྱེད༌ པ༌ དང༌ ། སེམས༌ སུ༌ རེ༌ བ༌ ཆེན༌ པོས༌ ཁེངས༌ ཡོད། །
春天,人们勤奋劳动,心སྒྲེ抱着丰收的希望。
People are laboring diligently in spring, hoping foison.
རླུང

ལྡང

གངས

ཆབ་རོམ

ཞུས
融化
བཞད

འབུས
发芽
20 མེས༌རྒྱལ༌ཇི༌འདྲ༌ཆེ༌ཨང
祖国是多么广大
How vast our home country!
ལྷོ༌ ཕྱོགས༌ རྒྱ༌ མཚོའི༌ ཁ༌ ན། ། མེ༌ ཏོག༌ སྣ༌ བརྒྱ༌ བཞད༌ ཡོད། །
海南岛上鲜花已经盛开
The flowers have blossomed on Hainan Island.
འབྲི༌ ཆུའི༌ འགྲམ༌ ངོགས༌ གཉིས༌ སུ། ། ལྕང༌ མྱུག༌ འབུས༌ པའི༌ སྒང༌ ཡིན། །
长江两岸柳树刚刚发芽
Willows beside the Changjiang River have just germinated .
མདོ༌ དབུས༌ མཐོ༌ སྒང༌ སྟེང༌ དུ། ། ཁ༌ བ༌ འབབ༌ ཀྱིན༌ ཡོད༌ དོ། ། ང༌ ཚོའི༌ རླབས༌ ཆེན༌ མེས༌ རྒྱལ། ། ས༌ རྒྱ༌ ཇི༌ འདྲ༌ ཆེ༌ ཨང༌ ། །
青藏高原雪花还在飞扬,我们的祖国多么广大。
Snow is flying up and down in Qingzang altiplano. How vast our mother country!
རྒྱ་མཚོ
大海
འབྲི་ཆུ
长江
འགྲམ

ཁ་བ

འབབ

ང་ཚོ
我们
21 མེ༌ཏོག༌ལྡུམ༌ར༌དང༌སིལ༌ཏོག༌ར༌བ
花园和果园
garden and orchard
ང༌ ཚོ༌ སྡེ༌ བས༌ སིལ༌ སྡོང༌ མང༌ བོ༌ བཙུགས༌ ཡོད། དཔྱིད༌ ཀར། ཁམ༌ སྡོང༌ ལ༌ མེ༌ ཏོག༌ བཞད༌ པ༌ དང༌ ། ཀུ༌ ཤུའི༌ སྡོང༌ བོ༌ ལ༌ ཡང༌ མེ༌ ཏོག༌ བཞད༌ ན། ང༌ ཚོའི༌ སྡེ༌ བ༌ ནི༌ མེ༌ ཏོག༌ ལྡུམ༌ ར༌ ཞིག༌ དང༌ འདྲ། །
我们村里栽了很多果树,桃树和苹果树开花时,我们村就象个花园。
We have planted many fruiters in our village, so it is a garden while peach trees and apple trees are blossoming.
སྟོན༌ ཀར། ཁམ༌ བུ༌ སྨིན༌ པ༌ དང༌ ། ཀུ༌ ཤུ༌ ཡང༌ སྨིན༌ ན། ང༌ ཚོའི༌ སྡེ༌ བ༌ ནི༌ སིལ༌ ཏོག༌ ར༌ བ༌ ཞིག༌ དང༌ འདྲ། །
秋天,桃子和苹果熟了,我们村又象个果园。
Peaches and apples are ripe when autumn comes. At that time, our village looks like an orchard.
ལྡུམ་ར
花园
སྡེ་བ
村庄
དཔྱིད་ཀ
夏天
སྟོན་ཀ
秋天
སྨིན

22 ང༌ཚོ༌མེས༌རྒྱལ༌ལ༌དགའ
我们热爱祖国
We love our homeland.
ང༌ ཚོའི༌ མེས༌ རྒྱལ༌ ནི༌ ཀྲུང༌ ཧྭ༌ མི༌ དམངས༌ སྤྱི༌ མཐུན༌ རྒྱལ༌ ཁབ༌ ཡིན། རྒྱལ༌ ས༌ ནི༌ པེ༌ ཅིན༌ ཡིན། རྒྱལ༌ དར༌ ནི༌ སྐར༌ ལྔའི༌ དར༌ དམར༌ ཡིན། །
我们的祖国是中华人民共和国,首都在北京,国旗是五星红旗。
Our homeland is the People’s Republic of China, whose capital is Beijing and flag is Five-Star Red flag.
ཟླ༌ བ༌ བཅུ༌ བའི༌ ཚེས༌ གཅིག༌ ནི༌ རྒྱལ༌ ཁབ༌ དབུ༌ བརྙེས༌ པའི༌ དུས༌ ཆེན༌ ཡིན། །
十月一日是国庆节。
October the first is our National Day.
ང༌ ཚོ༌ མེས༌ རྒྱལ༌ ལ༌ དགའ། ང༌ ཚོ༌ པེ༌ ཅིན༌ ལ༌ དགའ། །
我们热爱祖国,我们热爱北京。
We love our homeland and we love Beijing.
མེས་རྒྱལ
祖国
རྒྱལ་ས
首都
རྒྱལ་དར
国旗
དགའ

23 ཁྱོད༌ཚོས༌བསྒྲུབས༌པ༌བཟང༌།
你们做的很好
དགེ༌ རྒན༌ སློབ༌ ཁང༌ ནང༌ དུ༌ འོངས༌ ཏེ༌ སྒོ༌ སམ༌ ལ༌ བལྟས༌ ཚེ། སྒོ༌ སམ༌ གཙང༌ མ༌ ཡིན། ཅོག༌ ཙེ༌ ལ༌ བལྟས༌ ཚེ། ཅོག༌ ཙེ༌ ཡང༌ གཙང༌ མ༌ ཡིན། ཁོ༌ མོས“དེ༌ རིང༌ གི༌ ལས༌ རེས༌ པ༌ སུ༌ ཡིན”ཞེས༌ དྲིས།
老师进教师看见黑板和桌子都很干净就问“今天是谁是值日”
When teacher came into classroom, she saw the blackboard and desks are all clean. She said, “who is on duty today?”
ལྷ༌ སྐྱིད༌ ཀྱིས“ཚེ༌ རིང༌ དང༌ ངེད༌ གཉིས༌ ཡིན”ཟེར།
拉吉说“我和才让是今天的值日”
Laji said, “Cairang and I. ”
དགེ༌ རྒན༌ གྱི༌ ངོ༌ ནས༌ དགའ༌ བའི༌ འཛུམ༌ མདངས༌ མངོན༌ བཞིན༌ དུ“ཁྱོད༌ ཚོས༌ བསྒྲུབས༌ པ༌ བཟང”ཟེར།
老师高兴地说“你们做的很不错”
Teacher said happily, “you did very well.”
མཁའ་དབུགས
空气
ལུས་རྩལ
体育
སྦྱོང་བརྡར
锻炼
སྔ་མོ
早上
24 ཞོགས༌པ
早晨
the morning
ཞོགས༌ པ༌ མཁའ༌ དབུགས༌ གཙང༌ བའི༌ དུས། ། སྔ༌ མོར༌ ལངས༌ ནས༌ ལུས༌ རྩལ༌ སྦྱང༌ ། ། ལུས༌ རྩལ༌ སྦྱོང༌ བརྡར༌ བྱས༌ པ༌ ན། ། ལུས༌ ཕུང༌ བདེ༌ ཞིང༌ ཐང༌ བར༌ འགྱུར། ། ཞོགས༌ པ༌ རིག༌ པ༌ གསལ༌ བའི༌ དུས། ། སྔ༌ མོར༌ ལངས༌ ནས༌ སློབ༌ སྦྱོང༌ བྱེད། ། ཆུ༌ ཐིགས༌ བསགས༌ ནས༌ རྒྱ༌ མཚོ༌ དང༌ ། ། ས༌ རྡུལ༌ བསགས༌ ནས༌ རི༌ རབ༌ ལྟར། ། ཉིན༌ རེར༌ ཡར༌ ཐོན༌ ཡོང༌ བ༌ བྱེད། །
早晨空气好,起床锻炼身体,身体就会变健康. 早晨头脑清晰时,起床读书学习,天天向上。
The air is clear in the morning, so our body will be strong if we do exercises at that time. We get up and study in the morning when our brain is clear. Then we will get progress day in and day out.
བསྡད

འོད་ཟེར

སྐར་མ
星星
མཐོང

25 ཡར༌ངོའི༌ཟླ༌བ
上旬月亮
Crescent
ཡར༌ ངོའི༌ ཟླ༌ བ༌ ཤིང༌ གྲུ༌ ཆུང༌ ཆུང༌ འདྲ། ། ཤིང༌ གྲུ༌ ཆུང༌ ཆུང༌ དེ༌ ཡི༌ སྣེ༌ གཉིས༌ ཕྲ། ། ང༌ རང༌ ཤིང༌ གྲུ༌ ནང༌ དུ༌ བསྡད༌ པ༌ ན། ། འོད༌ ཟེར༌ ལམ༌ ལམ༌ འཚེར༌ བའི༌ སྐར༌ མ༌ མཐོང༌ ། །
上旬月亮象小船,小船的两边尖又尖, 我坐上那小船,能看见小星星。
Crescent looks like a small boat with two sharp sides. I can see little stars on the boat.
རྒྱང་མཐོང
望远镜
མཚོ་དམག
海军
དགྲ་བོ
敌人
སོ་ལྟ
侦察
26 ངོ༌མཚར༌ཆེ༌བའི༌སྒྲོན༌ལྕོག
灯塔
lighthouse
གཙང༌ བོའི༌ འགྲམ༌ དུ༌ ཧ༌ ཅང༌ མཐོ༌ བའི༌ སྒྲོན༌ ལྕོག༌ ཅིག༌ ཡོད།
江边有个很高的灯塔。
There is a lighthouse on the riverside.
སྐར༌ མས“ཇི༌ འདྲའི༌ མཐོའང༌ མཐོ༌ བའི༌ སྒྲོན༌ ལྕོག༌ ཅིག༌ རེད༌ ཨང༌ ། ང༌ ཡི༌ གམ༌ དུ༌ སླེབས༌ འདུག”ཟེར།
星星说:“多高的灯塔,到我身边了”。
A star says, “what a high lighthouse! It is beside me now. ”
ཟླ༌ བས“ཇི༌ འདྲའི༌ ཡག༌ ཀྱང༌ ཡག༌ ལ། གསལ༌ ཡང༌ གསལ༌ བའི༌ སྒྲོན༌ ལྕོག༌ ཅིག༌ རེད༌ ཨང”ཟེར།
月亮说:“多么美又亮的灯塔啊”。
The moon says, “how beautiful and light lighthouse!”
ཚེ༌ རིང༌ གིས༌ ཨ༌ མར“སྒྲོན༌ ལྕོག༌ འདི༌ ནི༌ ཅི༌ ཞིག༌ རེད”ཅེས༌ དྲིས།
才让问妈妈“灯塔是什么”
“What is lighthouse? ”Cairang ( it is a name of Tibetan boy) asks his mother.
ཨ༌ མས“འདི༌ ནི༌ རྒྱང༌ སྒྲོག༌ བརྙན༌ འཕྲིན༌ གྱི༌ སྒྲོན༌ ལྕོག༌ རེད། འདི༌ ཡིས༌ ང༌ ཚོར༌ མཚན༌ སྡུག༌ ལྡན༌ པའི༌ འཇིག༌ རྟེན༌ སྟོན༌ ཐུབ༌ པས། ངོ༌ མཚར༌ ཧ༌ ཅང༌ ཆེ”ཟེར།
妈妈说“它是电视和广播的型号接受塔,能让我们在电视和广播里能知道世界上所有的事情,它很神奇”
Mom answers, “it is pagota which can receive television and broadcast signals, so we can know everything in the world from television and broadcast. It is supernatural.”
སྒྲོན་ལྕོག
灯塔
ངོ་མཚར
奇怪
མཚར་སྡུག
美丽
27 ཁྱོད༌རང༌སོང༌དང༌།
自己去吧
ff
ངང༌ ཕྲུག༌ གིས“ཨ༌ མ། ཨ༌ མ། ཁྱེད༌ ཀྱིས༌ ང༌ ཁྲིད༌ ནས༌ ཆུ༌ ལ༌ རྐྱལ༌ དུ༌ འགྲོ༌ ཡ”ཞེས༌ བཤད། །
小鸭子说“妈妈!妈妈!您带我去游泳好吗?”
ཨ༌ མས“ཆུ༌ འདིའི༌ གཏིང༌ མི༌ ཟབ༌ པས། ཁྱོད༌ རང༌ ཉིད༌ སོང༌ ལ༌ རྐྱོལ༌ དང”ཟེར། །
妈妈说“这条河很浅,你自己去游泳吧。”
ཉིན༌ འགའ༌ རྗེས༌ སུ། ངང༌ ཕྲུག༌ ཆུ༌ ལ༌ རྐྱལ༌ ཤེས༌ སོང༌ ། །
过了几天,小鸭子会游泳了。
གླག༌ ཕྲུག༌ གིས“ཨ༌ མ། ཨ༌ མ། ང༌ རི༌ མཐོན༌ པོ༌ ཀན༌ གྱི༌ ཕ༌ རོལ༌ ཏུ༌ འགྲོ༌ འདོད༌ པས། ཁྱེད༌ ཀྱིས༌ ང༌ ཁྲིད༌ ནས༌ འགྲོ༌ ཡ”ཞེས༌ བཤད། །
小鹰说“妈妈!妈妈!我想去大山那边,您带我去好吗?”ཨ༌ མས“རི༌ ཀན༌ གྱི༌ ཕ༌ རོལ༌ གྱི༌ རི༌ ཆུ༌ ཧ༌ ཅང༌ མཛེས༌ པས༌ ཁྱོད༌ རང༌ ཉིད༌ སོང༌ ལ༌ ལྟོས༌ དང”ཞེས༌ བཤད། །
妈妈说“大山那边很美,你自己去看吧。”
ཉི༌ མ༌ འགའི༌ རྗེས༌ སུ། གླག༌ ཕྲུག༌ འཕུར༌ ཤེས༌ སོང༌ ། །
过了几天,小鹰会飞了。
གྲོགས་པོ
朋友
འཆའ

མཉམ
一起
རྩྭ་སྔོན
绿草
28 གཏམ༌དཔེ༌ཚན༌པ༌གསུམ།
谚语
ff
གཏམ༌ ཁ༌ བྱང༌ ། བྲིས༌ ལག༌ བྱང༌ །
言识书
ཤིང༌ ལ༌ དགོས༌ པ༌ ལོ༌ མ། མི༌ ལ༌ དགོས༌ པ༌ ཡོན༌ ཏན། །
树靠枝叶,人靠知识。
ཕོ༌ རབ༌ ཚིག༌ ཐོག འཕར༌ བ༌ རྗེས༌ ཐོག །
一言既出,驷马难追
29 ཁྲུང༌ཁྲུང༌འབོད༌པའི༌གླུ
唤鹤之歌
Song of Requesting Crane
ལྷ༌ བྱ༌ ཁྲུང༌ ཁྲུང༌ དཀར༌ མོ། ། གཤོག༌ རྩལ༌ ང༌ ལ༌ གཡོར༌ དང༌ ། ། ཐག༌ རིང༌ རྒྱང༌ ལ༌ མི༌ འཕུར། ། ལི༌ ཐང༌ བསྐོར༌ ནས༌ སླེབས༌ ཡོང༌ ། ། །
神鸟白鹤,借我翅膀。不飞远方,就去里塘。
White crane is a super bird. Would you please lend me your plumages? I will not go far away, just go to the pond.
ལྷ

གཤོག་རྩལ
翼力
གཡོར

འཕུར

30 ཡོན༌ཏན
知识
knowledge
རང༌ ལ༌ དགོས༌ པའི༌ ཡོན༌ ཏན༌ དེ། ། ཉི༌ མ༌ རེ༌ ལ༌ ཚིག༌ རེ༌ ཟུངས། ། གང༌ ཞིག༌ ཉིན༌ བརྒྱ༌ སོང༌ བ༌ ན། ། ཚིག༌ བརྒྱ༌ མ༌ ལུས༌ ཁོང༌ དུ༌ ཆུད། །
自己想学的知识,每天学一点。过了一百天,学会了很多知识。
One learns knowledge that you want everyday. You will get a lot after one hundred days. (a short time)
ཡོན་ཏན
水平
ཉི་མ
太阳
ཚིག
句子
བརྒྱ

31 རྒྱང༌གླུ
山歌
Songs in Mountainous Areas
རི༌ མཐོན༌ པོའི༌ སྒང༌ ནས༌ རྒྱང༌ གླུ༌ ལེན། ཡར༌ འབྲོག༌ པའི༌ ཐང༌ ལ༌ རྒྱང༌ ལྟ༌ བྱེད། རྟ༌ ནོར༌ ལུག༌ མང༌ བོས༌ སྤང༌ ལྗོངས༌ ཁྱབ། གླུ༌ སྙན༌ མོ༌ རྒྱང༌ གླུའི༌ སྐད༌ ལྷང༌ ལྷང༌ ། །
站在高山唱山歌,远望牧民的草场,见到牛羊漫山遍野,动听的歌声更美妙。
One stands on a mountain top, singing. You can have a bird view of the distant grassland, dotted with some cattle and sheep. Seeing this, the songs are much sweet.
རི༌ མཐོན༌ པོའི༌ སྒང༌ ནས༌ རྒྱང༌ གླུ༌ ལེན། མར༌ རོང༌ བའི༌ ཞིང༌ ལ༌ རྒྱང༌ ལྟ༌ བྱེད། འབྲུ༌ སྙེ༌ མའི༌ ལོ༌ ཏོག༌ རྦ༌ རླབས༌ འདྲ། གླུ༌ སྙན༌ མོ༌ རྒྱང༌ གླུའི༌ སྐད༌ ལྷང༌ ལྷང༌ ། །
站在高山唱山歌,远望农民的田地象海浪,动听的歌声更美妙。
རི༌ མཐོན༌ པོའི༌ སྒང༌ ནས༌ རྒྱང༌ གླུ༌ ལེན། ཕར༌ བཟོ༌ ལས༌ གྲོང༌ ལ༌ རྒྱང༌ ལྟ༌ བྱེད། འཕྲུལ༌ སྣ༌ ཚོགས༌ འཁོར༌ ལོའི༌ སྐད༌ སྒྲ༌ ལྡིར། གླུ༌ སྙན༌ མོ༌ རྒྱང༌ གླུའི༌ སྐད༌ ལྷང༌ ལྷང༌ ། །
站在高山唱山歌,远望工业发达的城镇,听到各种各样的机器的声音,动听的歌声更美妙。
One stands on a mountain top, singing. You can see the distant towns, which has developed industry with sounds of various machines. Hearing this, the songs are much sweet.
བཟང

བསྒྲུབས

གཙང་མ
干净
བལྟས

32 གབ༌ཚིག
谜语
Riddle
སྐྱེས༌ གཟུགས༌ དྲང༌ བའི༌ དཔའ༌ བོ༌ ཞིག། ཀླད༌ པའི༌ གཙུག༌ ན༌ ཁ༌ ཞིག༌ ཡོད། ། འགྲམ༌ པའི༌ ཐོག༌ ན༌ སྤུ༌ ཞིག༌ ཡོད། ། རྐང༌ བའི༌ མཐིལ༌ ན༌ ལྕགས༌ ཞིག༌ ཡོད། །
མཐོན་པོ

སྒང
山脉
སྤང་ལྗོངས
草地
ལྷང་ལྷང
响亮
33 ལུ༌གུ
小羊羔
A little lamb
ལུ༌ གུ༌ དང༌ བྱ༌ ཕྲུག༌ གཉིས༌ ནི༌ གྲོགས༌ པོ༌ ཡིན། བྱ༌ ཕྲུག༌ གིས༌ ལུ༌ གུ༌ ལ༌ འབུ༌ ཟ༌ རུ༌ བཅུག ལུ༌ གུས“བཀའ༌ དྲིན༌ ཆེ། ངས༌ འབུ༌ མི༌ བཟའ”ཟེར།
羊羔和小鸡是朋友,小鸡让羊羔吃虫子,羊羔说“谢谢你!我不吃虫子”
A lamb and a little chicken are friends. The chicken let the lamb eat worms. The lamb replied, “I don’t eat worms, but thank you all the same.”
ལུ༌ གུ༌ དང༌ ཞི༌ ལ༌ གཉིས༌ ནི༌ གྲོགས༌ པོ༌ ཡིན། ཞི༌ ལས༌ ལུ༌ གུ༌ ལ༌ ཉ༌ ཤ༌ ཟ༌ རུ༌ བཅུག ལུ༌ གུས“བཀའ༌ དྲིན༌ ཆེ། ངས༌ ཉ༌ ཤ༌ མི༌ བཟའ”ཟེར།
羊羔和猫是朋友,猫让羊羔吃鱼,羊羔说“谢谢你!我不吃鱼”
The lamb and a little cat are friends. The cat let the lamb eat fish. The lamb said, “I don’t eat fish, but thank you all the same. ”
ལུ༌ གུ༌ དང༌ ཁྱི༌ གུ༌ གཉིས༌ ནི༌ གྲོགས༌ པོ༌ ཡིན། ཁྱི༌ གུས༌ ལུ༌ གུ༌ ལ༌ རུས༌ པ༌ འཆའ༌ རུ༌ བཅུག ལུ༌ གུས“བཀའ༌ དྲིན༌ ཆེ། ངས༌ རུས༌ པ༌ མི༌ འཆའ”ཟེར།
羊羔和小狗是朋友,小狗让羊羔吃骨头,羊羔说“谢谢你!我不吃骨头”
The lamb and a little dog are friends. The little dog let the lamb gnaw bones. The lamb replied, “ I don’t eat bones, but thank you all the same.”
ལུ༌ གུ༌ དང༌ བེའུ༌ གཉིས༌ ནི༌ གྲོགས༌ པོ༌ ཡིན། བེའུ༌ ཡིས༌ ལུ༌ གུ༌ ལ༌ ཙྭ༌ སྔོན༌ ཟ༌ རུ༌ བཅུག ལུ༌ གུས“བཀའ༌ དྲིན༌ ཆེ”ཟེར། ལུ༌ གུ༌ དང༌ བེའུ༌ གཉིས༌ ཀྱིས༌ མཉམ༌ དུ༌ ཙྭ༌ སྔོན༌ ཟོས༌ པ༌ རེད། །
羊羔和牛犊是朋友,牛犊让羊羔吃草,羊羔说“谢谢你!”羊羔和牛犊一起吃绿草了。
The lamb and a calf are friends. The calf let the lamb eat grass. The lamb said, “thank you” and ate grass together with the calf.
འགྲམ་པ

སྤུ

ཀླད་པ
脑袋
རྐང་བ

34 ཁྭ༌ཏས༌ཆུ༌འཐུང༌བ
乌鸦喝水
Crow Drink Water
ཁྭ༌ ཏ༌ ཞིག༌ གི༌ ཁ༌ སྐོམ༌ ནས༌ གང༌ སར༌ ཆུ༌ འཚོལ༌ དུ༌ སོང༌ ། །
一只乌鸦口渴了,到处找水喝。
A crow was thirsty. She looked for water everywhere.
ཁྭ༌ ཏས༌ དམ༌ བེ༌ ཞིག༌ གི༌ ནང༌ དུ༌ ཆུ༌ ཡོད༌ པ༌ མཐོང༌ ། ཡིན༌ ནའང༌ ། དམ༌ བེའི༌ ནང༌ དུ༌ ཆུ༌ ཕྱེད༌ ཙམ༌ ལས༌ མེད༌ པ༌ དང༌ ། དམ༌ བེ༌ དེའི༌ སྐེ༌ རིང༌ ཞིང༌ ཁ༌ དོག༌ པའི༌ སྟབས༌ ཀྱིས༌ ཁྭ༌ ཏས༌ ཆུ༌ འཐུང༌ མ༌ ཐུབ། ཅི༌ ཞིག༌ བྱས༌ ན༌ བཟང༌ ངམ།
乌鸦看见一个瓶子,瓶子里有水。可是,瓶子里水不多,瓶口又小,乌鸦喝不着水。怎么办呢?
ཁྭ༌ ཏས༌ དམ༌ བེ༌ དེའི༌ ལོགས༌ སུ༌ རྡེའུ༌ མང༌ བོ༌ ཡོད༌ པ༌ མཐོང༌ ནས༌ ཐབས༌ ཤིག༌ རྙེད༌ བྱུང༌ །
乌鸦看见旁边有许多小石子,想出办法来了
Just at this moment, seeing many little stones, one thought came to her mind.
ཁྭ༌ ནས༌ རྡེའུ༌ གཅིག༌ རེ༌ གཅིག༌ རེ༌ བཏུས༌ ནས༌ དམ༌ བེའི༌ ནང༌ དུ༌ འཕངས༌ པ༌ དང༌ ། དམ༌ བེའི༌ ནང༌ གི༌ ཆུ༌ རིམ༌ བཞིན༌ དུ༌ ཇེ༌ མཐོ༌ དང༌ ཇེ༌ མཐོར༌ གྱུར༌ ཏེ། ཁྭ༌ ཏས༌ ཆུ༌ འཐུང༌ ཐུབ༌ སོང༌ བ༌ རེད།
乌鸦把小石子一个一个地放进瓶子里。瓶子里的水渐渐升高,乌鸦就喝着水了。
The crow put stones into the bottle one by one. The water in the bottle rose gradually and she got the water finally.
ཁྭ་ཏ
乌鸦
སྐོམ

སྐེ
脖子
རྡེའུ
沙石
འཐུང

35 རྒྱུ༌འབྲས
因果
Cause and Effect
རིག༌ པ༌ གཞོན༌ པའི༌ དུས༌ ན༌ སློབས། ། བ༌ ནི༌ དགུན༌ གྱི༌ དུས༌ སུ༌ གསོ། ། ཞིང༌ ནི༌ དྲོད༌ གཤེར༌ ལྡན༌ དུས༌ རྨོ། ། འདི༌ གསུམ༌ འབྲས༌ བུ༌ སྨིན༌ པའི༌ རྒྱུ། ། །
知识少年时候学,冬天是养毛的好季节,到了春天下种子,这三种是丰收的好因素。
Learn knowledge when one is young; foster hair in winter; seed seeds in spring: these three points are good factors for harvest.
རིག་པ

དགུན
冬天
སེར

འབྲས་བུ
结果
36 ཁ

mouth
ཡོན༌ ཏན༌ མེད༌ པའི༌ ཁ༌ ཉིད༌ ནི། ། ས༌ ཡི༌ བུ༌ ག༌ དག༌ དང༌ མཚུངས། ། ཡོན༌ ཏན༌ རབ༌ ཀྱིས༌ བརྒྱན༌ པ༌ ཡི། ། ཁ༌ ནི༌ པད༌ མོ༌ ཡིད༌ འོང༌ ལྡན། །
无知者的嘴巴象地洞,贤者的嘴巴是金口。
Those who is know-nothing, his mouth like land holes, while those who is virtuous person , his mouth is gold mouth.
བུ་ག

པད་མོ
牡丹
ཡིད་འོང
美丽
37 སི༌མ༌ཀོང༌གིས༌རྫ༌མ༌བཅག༌པ
司马光砸缸
Sima Guang Broke the Jar
གནའ༌ དུས༌ སུ༌ མིང༌ ལ༌ སི༌ མ༌ ཀོང༌ ཟེར༌ བའི༌ བྱིས༌ པ༌ ཞིག༌ ཡོད།
古时候有个孩子,叫司马光。
In ancient time, there was a child called Sima Guang.
ཉིན༌ ཞིག༌ ལ། ཁོ༌ དང༌ བྱིས༌ པ༌ འགའ༌ མེ༌ ཏོག༌ ལྡུམ༌ རའི༌ ནང༌ དུ༌ རྩེ༌ རུ༌ སོང༌ ། མེ༌ ཏོག༌ ལྡུམ༌ རའི༌ ནང༌ དུ༌ རི༌ བརྩིགས༌ མ༌ ཞིག༌ ཡོད། རི༌ བརྩིགས༌ མ༌ དེའི༌ རྩ༌ རུ༌ རྫ༌ མ༌ ཆེན༌ པོ༌ ཞིག༌ བཞག༌ ཡོད༌ པ༌ དང༌ ། རྫ༌ མའི༌ ནང༌ དུ༌ ཆུ༌ གང༌ ཡོད།
有一回,他跟几个小朋友在花园里玩。花园里有假山,假山下面有一口大水缸,缸里装满了水。བྱིས༌ པ༌ ཞིག༌ རི༌ བརྩིགས༌ མའི༌ མགོ༌ ལ༌ འགོས༌ ནས། སེམས༌ ཆུང༌ མ༌ བྱས༌ པར༌ རྫ༌ མ༌ ཆེན༌ པོའི༌ ནང༌ དུ༌ ལྷུང༌ །
有个小朋友爬到假山上去玩,一不小心,掉进了大水缸。
One of them climbed up the rockery, carelessly, he fell into the jar.
བྱིས༌ པ༌ གཞན༌ དག༌ སྐྲག༌ ནས༌ ལ༌ ལ༌ ངུས། ལ༌ ལ༌ མི༌ འབོད༌ དུ༌ བརྒྱུགས། ཡིན༌ ནའང༌ ། སི༌ མ༌ ཀོང༌ འཚུབ༌ ཆ༌ མི༌ ལང༌ ། ཁོས༌ རྡོ༌ ཞིག༌ བཀྱགས༌ ནས༌ རྫ༌ མ༌ དེར༌ ཤེད༌ ཀྱིས༌ འགའ༌ བརྒྱབ༌ ཚེ༌ རྫ༌ མ༌ ཆག༌ སོང༌ །
别的小朋友都慌了,有的吓哭了,有的叫着喊着,跑去找大人。司马光没有慌,他举起一块石头,使劲砸那口缸,几下子就把缸砸破了。
All other children were flustered: some were crying, some were shouting and running to turn to adults for help. But Sima Guang was not flustered at all. He held up a big stone to strike the jar.
རྫ༌ མའི༌ ནང༌ གི༌ ཆུ༌ བཞུར༌ བ༌ ན། རྫ༌ མའི༌ ནང༌ དུ༌ ལྷུང༌ བའི༌ བྱིས༌ པ༌ དེའི༌ སྲོག༌ སྐྱོབ༌ ཐུབ༌ སོང༌ །
缸里的水流出来了,掉进缸里的小朋友得救了。
And he broke it after a few times. Water flew from the jar and the boy was saved.
བཅག

གནའ
古老
བཞག

འགོས

སྐྲག

འཚུབ་ཆ
着急
བཀྱགས

སྲོག

38 ཁྲོན༌པའི༌ནང༌གི༌སྦལ༌བ
坐井观天
Have a Very Narrow View
ཁྲོན༌ པའི༌ ནང༌ དུ༌ སྦལ༌ བ༌ ཞིག༌ ཡོད། བྱེའུ༌ ཞིག༌ འཕུར༌ ཡོང༌ ནས༌ ཁྲོན༌ པའི༌ ཁ༌ ལ༌ བབས།
青蛙坐在井里。小鸟飞来,落在井沿上。
A frog is sitting at the bottom of a well. Here comes a bird landing on the edge of the well.
སྦལ༌ བས༌ བྱེའུ༌ ལ“ཁྱོད༌ ས༌ ཆ༌ གང༌ ནས༌ ཡོང༌ བ༌ ཡིན”ཞེས༌ དྲིས།
青蛙问小鸟:“你从哪儿来呀?”
The frog asked the bird, “Where are you from?”
བྱེའུ༌ ཡིས“ང༌ ནམ༌ མཁའ༌ ནས༌ ལེ༌ བར༌ བརྒྱ༌ ཕྲག༌ ལ༌ འཕུར༌ ཏེ༌ ཡོང༌ བ༌ ཡིན། ད༌ ཁ༌ སྐོམ༌ པས༌ ཆུ༌ ཞིག༌ འཐུང༌ བསམ༌ པ༌ ཡིན”ཟེར།
小鸟回答说:“我从天上来,飞了一百多里,口渴了,下来找点水喝。”
The bird answered, “I come from the sky. I have flied one hundred li and I am thirsty now. So I come down to have something to drink. ”
སྦལ༌ བས“གྲོགས༌ པོ༌ ལགས། ཁྱོད༌ ཀྱིས༌ ཁ༌ ཕོ༌ དེ༌ འདྲ༌ མ༌ བཤད། ནམ༌ མཁའ༌ ནི༌ ཁྲོན༌ པའི༌ ཁ༌ ཙམ༌ ལས༌ མེད༌ པས། ཁྱོད༌ དེ༌ འདྲའི༌ ས༌ ཐག༌ རིང༌ བོ༌ ནས༌ འཕུར༌ ཡོང༌ དགོས༌ སམ”ཟེར།
青蛙说:“朋友,别说大话了!天不过井口那么大,还用飞那么远吗?”བྱེའུ༌ ཡིས“ཁྱོད༌ འཆུགས༌ སོང༌ ། ནམ༌ མཁའ༌ ནི༌ ཧ༌ ཅང༌ ཆེ༌ ཞིང༌ མཐའ༌ མེད༌ དོ”ཟེར།
小鸟说:“你弄错了。天无边无际,大得很哪!”
The bird replied, “You didn’t get it. The sky is so big that you can’t see the end.”
སྦལ༌ བས༌ དགོད༌ ཞོར༌ དུ“ང༌ ནམ༌ ཡིན༌ ཡང༌ ཁྲོན༌ པའི༌ ནང༌ དུ༌ བསྡད༌ ནས༌ ནམ༌ མཁར༌ བལྟས༌ ཡོད༌ པས། ང༌ འཆུགས༌ མི༌ སྲིད”ཟེར།
青蛙笑了,说:“朋友,我天天坐在井里,一抬头就看见天。我不会弄错的。”
“Friend, I sit in the well everyday and I can see the sky whenever I look up. I couldn’t be wrong.” smiled the frog.
བྱེའུ༌ ཡང༌ དགོད༌ ཞོར༌ དུ“གྲོགས༌ པོ༌ ལགས། ཁྱོད༌ ཡིད༌ མི༌ ཆེས༌ ན། ཁྲོན༌ པའི༌ ཁར༌ བུད༌ ནས༌ ལྟོས༌ དང༌ ”ཟེར།
小鸟也笑了,说:“朋友,你是弄错了。不信,你跳出井口来看一看吧。”
The bird smiled as well, “Friend, it was you that were wrong. You can just come out and have a look at it if you don’t believe it. ”
ཁྲོན་པ
水井
ནམ་མཁའ
天空
དགོད

འཆུགས

ལེ་བར
公里
ཁ་ཕོ
大话
39 གབ༌ཚིག
谜语
མཁའ༌ འགྲོའི༌ བུ༌ མོ༌ གླུ༌ ལེན༌ མ། ། ས༌ འཛིན༌ མེ༌ ཏོག༌ བཅུད༌ ལེན༌ མ། ། དར༌ ཚོན༌ སྣ༌ ལྔའི༌ གོས༌ གོན༌ མ། ། དུས༌ བཞིའི༌ དབྱར༌ སྟོན༌ བཙལ༌ མཁན༌ མ། །
གླུ

དར་ཚོན་སྣ་ལྔ
五彩
གོས
丝绸
བཙལ

40 དབྱར༌ཟླ༌གསུམ
夏三月
Tree Months of Summer
ཟླ༌ བཞི༌ བ༌ དབྱར༌ གྱི༌ མགོ༌ མ༌ རེད། ། སྤང༌ མེ༌ ཏོག༌ ཁ༌ དོག༌ ཡག༌ དུས༌ རེད། ། འབུ༌ སྦྲང༌ མའི༌ སྣང༌ བ༌ སྐྱིད༌ དུས༌ རེད། །
四月分花朵最美、蜜蜂最快乐的时候。
April’s flowers are the most beautiful ones and bees are the happiest at this time.
ཟླ༌ ལྔ༌ བ༌ དབྱར༌ གྱི༌ བར༌ མ༌ རེད། ། ནགས༌ སིལ༌ ཏོག༌ ཁ༌ དོག༌ ཡག༌ དུས༌ རེད། ། བྱ༌ ཁུ༌ བྱུག༌ གསུང༌ སྙན༌ ཡག༌ དུས༌ རེད། །
五月的果子最多,布谷鸟的声音最动听。ཟླ༌ དྲུག༌ པ༌ དབྱར༌ གྱི༌ མཐའ༌ མ༌ རེད། ། ཙྭ༌ སྔོན༌ མོའི༌ རྩི༌ ཏོག༌ ཡག༌ དུས༌ རེད། ། ལུག༌ གཡང༌ དཀར༌ བལ༌ ཁ༌ འཇམ༌ དུས༌ རེད། །
六月天的草最有营养,牛羊毛最柔软。
June’s grass is the most nutritious ones, hair of cattle and sheep is the softest.
སྤང
草坪
ཁ་དོག
颜色
སྦྲང་མ
蜜蜂
ནགས
森林
ཁུ་བྱུག
杜鹃
འཇམ
柔和
沙发#
发布于:2015-05-25 20:01
板凳#
发布于:2017-11-08 08:31
感谢楼主分享!
游客

返回顶部