请问谁有《阿克班玛》和《邦金美多》的藏汉双语的歌词。谢谢。
|
|
最新喜欢:![]() |
沙发#
发布于:2014-04-20 21:22
|
|
板凳#
发布于:2014-04-20 21:22
|
|
地板#
发布于:2014-04-20 21:22
|
|
5#
发布于:2014-02-10 18:55
རིའི་སྐར་རྒྱན།
ཁ་སང་གི་གཏམ་རྒྱུད། གནའ་སྔ་མོ་སྔ་མོ་སྔ་མོ་ཞིག་ལ། རི་རབ་ཀྱིས་ཡུལ་གྲུ་བཀག་ཅིང་། ཆུ་བོ་ལ་ཟམ་པ་མེད། གནའ་སྔ་མོ་སྔ་མོ་སྔ་མོ་ཞིག་ལ། བྱིས་པ་ཚོས་ནུབ་ཚ་འཐུང་རྗེས། ཨ་མྱེས་ཀྱི་གནའ་གཏམ་ལ་ཉན། ཨ་མྱེས་ཀྱི་གནའ་གཏམ་ནི་ཁ་སང་གི་གཏམ་རྒྱུད་ཡིན། ཨ་མྱེས་ཀྱི་གནའ་གཏམ་ནི་ཁ་སང་གི་གཏམ་རྒྱུད་ཡིན། འདི་ནས་ཁ་སང་གི་འགྲོ་ལམ་ལ་རྒྱང་ལྟ་བྱས་ཆོག ཨ་མྱེས་ཀྱི་གནའ་གཏམ་ནི་ཁ་སང་གི་གཏམ་རྒྱུད་ཡིན། ཨ་མྱེས་ཀྱི་གནའ་གཏམ་ནི་ཁ་སང་གི་གཏམ་རྒྱུད་ཡིན། འདི་ནས་ཁ་སང་གི་ལོ་ཟླ་ལ་ཕྱིར་ལྟ་བྱས་ཆོག དུས་དེང་སང་དེང་སང་དེང་སང་ཉིན་ལ། ཨ་མྱེས་ཀྱི་གནའ་གཏམ་ཁྲོད་ནས། རི་རབ་དང་གཙང་བོ་བརྒལ། དུས་དེང་སང་དེང་སང་དེང་སང་ཉིན་ལ། ཁ་སང་གི་གཏམ་རྒྱུད་དེ་ལ། སྙན་འཇེབས་ཀྱི་བྲག་ཅ་ཞིག་མཆེད། ཨ་མྱེས་ཀྱི་གནའ་གཏམ་ནི་ནམ་ལངས་ཀྱི་སྐྱ་རེངས་ཡིན། ཨ་མྱེས་ཀྱི་གནའ་གཏམ་ནི་ནམ་ལངས་ཀྱི་སྐྱ་རེངས་ཡིན། འདི་ནས་གསེར་མདོག་གི་ཉི་ཟེར་ལ་རེ་སྒུག་བྱས་ཆོག ཨ་མྱེས་ཀྱི་གནའ་གཏམ་ནི་འབྲུ་དྲུག་གི་ས་བོན་ཡིན། ཨ་མྱེས་ཀྱི་གནའ་གཏམ་ནི་འབྲུ་དྲུག་གི་ས་བོན་ཡིན། འདི་ནས་གསེར་མདོག་གི་ལོ་ལེགས་ལ་རེ་སྒུག་བྱས་ཆོག |
|
6#
发布于:2014-02-10 18:53
་ཚོགས།
ཡི་རེ་སྐྱོ། ལྷོ་འཛམ་གླིང་ཉི་མ་རི་ལ་བརྒལ། ནུབ་ཟླ་བ་དཀར་པོ་སྤྲིན་གྱིས་སྒྲིབས། དགུང་སྐར་ཚོགས་ཆར་སྤྲིན་དཀྱིལ་དུ་ལྷུང་། ཁྱེད་སྤུན་གསུམ་མཇལ་ཡིད་རེ་སྐྱོ། ཁྱེད་སྤུན་གསུམ་མཇལ་ཡིད་རེ་སྐྱོ། ཨ་་་་ཉི་ཟླ་སྐར་གསུམ། དགུང་སྐར་ཚོགས་ཆར་སྤྲིན་དཀྱིལ་དུ་ལྷུང་། ཁྱེད་སྤུན་གསུམ་མཇལ་ཡིད་རེ་སྐྱོ། ཁྱེད་སྤུན་གསུམ་མཇལ་ཡིད་རེ་སྐྱོ། སྤེད་མདོ་ཁམས་ས་ཡི་ཐིག་ལེ་ན། རྗེ་བླ་མའི་གདམས་ངག་ལྟོང་ལྟོང་གྲགས། ད་གདམས་ངག་མ་ཐོས་ཁེ་ཀྱང་ང་། ངས་བླ་མ་མ་མཇལ་ཡིད་རེ་སྐྱོ། ངས་བླ་མ་མ་མཇལ་ཡིད་རེ་སྐྱོ། ཨ་་་་་ང་ཡི་བླ་མ། ད་གདམས་ངག་མ་ཐོས་ཁེ་ཀྱང་ང་། ངས་བླ་མ་མ་མཇལ་ཡིད་རེ་སྐྱོ། ངས་བླ་མ་མ་མཇལ་ཡིད་རེ་སྐྱོ། ངའི་དྲིན་ཆེན་ཕ་ལོ་མ་ལོ་ཁྱེད། མགོའི་སྐྲ་ལོ་སེ་དུས་འགྲོ་ལ་ཉེ། ད་དྲིན་ལེན་མ་མཇལ་བུ་ཆུང་ངས། ང་ཉམས་ཆུང་སེམས་པ་ཡིད་རེ་སྐྱོ། ང་ཉམས་ཆུང་སེམས་པ་ཡིད་རེ་སྐྱོ། ཨ་་་་་ཕ་ལོ་མ་ལོ། ད་དྲིན་ལེན་མ་མཇལ་བུ་ཆུང་ངས། ང་ཉམས་ཆུང་སེམས་པ་ཡིད་རེ་སྐྱོ། ང་ཉམས་ཆུང་སེམས་པ་ཡིད་རེ་སྐྱོ། |
|
7#
发布于:2014-02-10 18:51
་སྟོན་གླུ་དབྱངས་དང་པོ།
ཨ་ཁུ་པདྨ། རྒོད་ཐང་དཀར་དུང་གི་སྐེ་རྒྱན་ཅན། ཡར་འཕུར་ན་དགུང་གི་རྒྱན་ཞིག་རེད། མར་བབས་ན་བྲག་རིའི་སྐྱིད་ཅིག་རེད། ཁྱོད་མེད་ན་བྲག་ཐེམ་སྟོང་པ་རེད། བྱ་ངང་པ་གསེར་གྱི་གཤོག་སྒྲོ་ཅན། ཕར་སོང་ན་སྤང་གི་རྒྱན་ཞིག་རེད། ཆུར་རྐྱལ་ན་མཚོ་མོའི་སྐྱིད་ཅི་རེད། ཁྱོད་མེད་ན་མཚོ་ཁ་སྟོང་པ་རེད། སྟག་ཤར་ར་དུང་གི་སོ་སྒོ་ཅན། ཕར་སོང་ན་སྡེ་བའི་རྒྱན་ཞིག་རེད། ཚུར་ཡོང་ན་ན་ཟླའི་སྐྱིད་ཅིག་རེད། ཁྱོད་མེད་ན་ཡིད་སེམས་སྟོང་པ་རེད། |
|