阅读:2072回复:19

[求助]求藏文版的《唐诗三百首》

楼主#
更多 发布于:2022-08-29 22:08
全书太多,发几篇经典的也十分感谢!

最新喜欢:

kinasutkamuykinasu...
沙发#
发布于:2022-08-29 22:18
发几篇经典的五言或七言绝句译文最佳。长的不需要。谢谢!
板凳#
发布于:2022-08-30 12:46
已经在网上买了一本,谢谢!
kicote
白银十字骑士
白银十字骑士
  • 社区居民
  • 忠实会员
  • 最爱沙发
  • 铁杆粉丝
地板#
发布于:2022-08-31 09:16
leonduan:已经在网上买了一本,谢谢!回到原帖
能在弊站发表不?
4#
发布于:2022-08-31 16:51
kicote:能在弊站发表不?回到原帖
好的,等我收到书了上传。
kicote
白银十字骑士
白银十字骑士
  • 社区居民
  • 忠实会员
  • 最爱沙发
  • 铁杆粉丝
5#
发布于:2022-09-01 09:03
leonduan:好的,等我收到书了上传。回到原帖
静候佳音
6#
发布于:2024-04-07 13:03
清平调

李白


其一

云想衣裳花想容,春风拂槛露华浓。

若非群玉山头见,会向瑶台月下逢。



其二

一枝红艳露凝香,云雨巫山枉断肠。

借问汉宫谁得似,可怜飞燕倚新妆。



其三

名花倾国两相欢,长得君王带笑看。

解释春风无限恨,沉香亭北倚阑干。





ཆེན་ཕུང་རོལ་དབྱངས།

ལི་པེ་ཡིས་བརྩམས། སྒང་ལམ་པས་བསྒྱུར།





དང་པོ།

ཆུ་འཛིན་མཐོང་ཚེ་གོས་བཟང་དང་ནི་བཞིན་བཟང་དྲན།།

དཔྱིད་རླུང་ལྡང་ཚེ་སྐྱོར་མའི་རྩྭ་ཟིལ་ཕྲུམ་ཕྲུམ་འཚེར།།

གཡང་ལྡན་རི་ནས་ཡིད་འཕྲོག་ལྷ་མོར་མ་མཇལ་ཡང་།།

ཟླ་འོད་བཀྲ་བའི་གར་སྟེགས་མདུན་ནས་འཛོམས་ལགས་སམ།།



གཉིས་པ།

པད་མའི་མདངས་ལྟར་ཟིལ་བ་ཁུར་ཅིང་དྲི་བསུང་ལྡང་།།

ཝུའུ་ཧྲན་རི་ནས་སྒེག་མོ་དྲན་པའི་གཡང་ལ་ལྷུང་།།

བརྗིད་ཆགས་ཕོ་བྲང་བཙུན་མོའི་ཚོགས་སུ་འགྲན་ནུས་མེད།།

སྨན་ཆུང་ཧྥེ་ཡན་གཟབ་འཆོར་སྤྲས་པས་མཛེས་ཙམ་གདའ།།



གསུམ་པ།

པད་མའི་ལུས་ཕྲ་སྐྱེ་བོ་ཆགས་སའི་གནས་ལགས་པས།།

རྗེ་བོ་རྟག་ཏུ་མགུ་ཞིང་གཟིགས་པར་རབ་ཏུ་སྤྲོ།།

བྱང་ངོས་ཨ་གར་ལྡིང་ཁང་སྐྱོམ་མར་བསྙེས་གྱུར་ཚེ།།

དཔྱིད་ཀྱི་རླུང་བུས་གདུང་བའི་སྨུག་ཞགས་རྩ་ནས་སངས།
7#
发布于:2024-04-07 13:08
春题湖上
唐·白居易



湖上春来似画图,乱峰围绕水平铺。

松排山面千重翠,月点波心一颗珠。

碧毯线头抽早稻,青罗裙带展新蒲。

未能抛得杭州去,一半勾留是此湖。




དཔྱིད་དཔལ་ཀློང་གི་ནུབ་མཚོ་ཕྱུག་མོ།

པའེ་ཅུ་དབྱི་ཡིས་བརྩམས། སྒང་ལམ་པས་བསྒྱུར།


དཔྱིད་དཔལ་ཤར་དུས་ནུབ་མཚོ་ཕྱུག་མོའི་མཛེས་སྡུག་རྫོགས།།

དྭངས་གསལ་གཡུ་མཚོ་ལྷུན་པོ་ཚོགས་ཀྱིས་དབུས་སུ་འཁྱིལ།།

གཡུ་མདངས་འཚེར་བའི་ཐང་ཤིང་ཚོགས་ཀྱིས་རི་ལུང་གང་།།

ཟླ་གཞོན་ཞལ་རས་ཆུ་ལ་འཁྱུད་ཚེ་མུ་ཏིག་ལྟར།།

གསར་སྐྱེས་ཆུ་འབྲས་སྔོ་ལྗང་གདན་ཆའི་ཤམ་བུར་འགྲན།།

རླུང་ངོགས་སྐ་རྩྭ་ན་ཆུང་བུ་མོའི་སྐ་རགས་འདྲ།།

ཧང་ཀྲོའུ་བསྐྱུར་ནས་གཞན་ཡུལ་འགྲིམས་པའི་འདུན་པ་བྲལ།།

ཡིད་ཀྱི་དབང་པོ་གཡུ་མདོག་མཚོ་མོའི་འཇིངས་སུ་ཞུགས།།
8#
发布于:2024-04-07 13:11
燕昭王

陈子昂



南登碣石馆,遥望黄金台。

丘陵尽乔木,昭王安在哉?

霸图今已矣,驱马复归来。




ཡན་ཀྲོ་རྗེ་བོ།

ཁྲིན་ཙི་ཨང་གིས་བརྩམས། སྒང་ལམ་པས་བསྒྱུར།


ལྷོ་ཡི་ཕྱོགས་ནས་དུར་བྱང་བྲག་རྡོར་འཛེགས།།

རྒྱང་དུ་འགྱིངས་བའི་གསེར་ནག་སྟེགས་བུར་གཟིགས།།

དེའུ་འབུར་ངོས་སུ་སྡོང་རྒན་ཚར་དུ་དངར།།

ཡན་ཀྲོ་རྗེ་བོ་ཕྱོགས་མཚམས་གང་དུ་བཞུད།།

མངའ་ཐང་རྒྱས་པ་ཡོངས་སུ་རྫོགས་གྱུར་བས།།

རྟ་ལ་ཞོན་ནས་བདག་ནི་སྒར་དུ་ལོག།
9#
发布于:2024-04-07 13:12

过香积寺

■王 维

不知香积寺,数里入云峰。

古木无人径,深山何处钟。

泉声咽危石,日色冷青松。

薄暮空潭曲,安禅制毒龙。




ཞང་ཅི་དགོན་དུ་མཇལ་བ།

ཝང་ཝེས་བརྩམས། སྒང་ལམ་པས་བསྒྱུར།


ཞང་ཅི་དགོན་ནི་གར་བཞུགས་མི་གསལ་ཡང་།།

ལེ་དབར་དུ་མའི་ཆུ་འཛིན་མུ་ཁྱུད་བརྒལ།།

ལྗོན་ཤིང་ཚོགས་རྣམས་དགུང་ལ་ཟུག་གྱུར་ཅིང་།།

སྐྱེ་བོ་བགྲོད་པའི་ལམ་ཙམ་སྣང་མ་བྱུང་།།

དབེན་པའི་རི་ནས་ཅོང་སྒྲ་ལྷང་ལྷང་སྒྲོག།

ཆུ་མིག་ཤག་སྒྲ་བྲག་རྡོའི་ཕང་ནས་འགག།

ཐང་ཤིང་ཚལ་དུ་ཉི་ཟེར་མོག་པོར་འཕྲོ།།

སྲོད་ཀྱི་མཚམས་སུ་གྱ་གྱུའི་རྫིང་ངོགས་ནས།།

ཏིང་འཛིན་སྒོམ་བཞིན་སེམས་ཀྱི་དུག་ལྔ་འཇོམས།།
10#
发布于:2024-04-19 22:16
李商隐 | 古诗《春雨》

怅卧新春白袷衣,白门寥落意多违。
红楼隔雨相望冷,珠箔飘灯独自归。
远路应悲春晼晚,残宵犹得梦依稀。
玉珰缄札何由达,万里云罗一雁飞。


དཔྱིད་ཀྱི་གྲུ་ཆར།

ལི་ཧྲེང་དབྱིན་གྱིས་བརྩམས། སྒང་ལམ་པས་བསྒྱུར།


རང་སེམས་སྨྲེང་བས་བདེ་འཇམ་མལ་དུ་ཞུགས།།

དཔྱིད་གསར་ཚེས་པས་ལུས་ལ་གོས་དཀར་བཀླུབས།།

པེ་མུན་ཡུལ་དུ་གཅིག་པུ་སྐྱོ་བར་ལུས།།

སྦྲང་ཆར་ཀློང་ན་གཟིམ་ཆུང་སྐྱོ་བས་གཡོགས།།

མུ་ཏིག་འཐོར་འདྲའི་ཆར་ལ་མི་འཛེམ་པར།།

བན་བུན་འཚེར་བའི་སྒྲོན་འོད་ཀློང་ནས་ལོག།

རིང་མོའི་ལམ་དང་ཞེ་སྐྱོའི་དཔྱིད་ཟླ་ལ།།

བདག་གི་ཡིད་གདུང་གང་དུ་བཅོལ་ལགས་སམ།།

རབ་རིབ་རྨི་ལམ་ཞིང་ནས་ཁྱེད་དང་མཇལ།།

རྣ་རྒྱན་དང་ནི་བརྩེ་འཕྲིན་ཇི་ལྟར་སྐྱེལ།།

མི་མངོན་སྟོང་བའི་དབྱིངས་སུ་ལྡིང་བ་ཡི།།

ལྷ་བྱ་ཁྲུང་ཁྲུང་དེ་ལ་རེ་དོན་བཅོལ།།

༢༠༢༡ལོའི་ཟླ༥ཚེས༢༨ཉིན་བསྒྱུར།
11#
发布于:2024-04-19 22:17
 白 | 古诗《望庐山瀑布》


ལུའུ་ཧྲན་རི་བོའི་རྦབ་ཆུར་བལྟས་པ།

ལི་པེས་བརྩམས། སྒང་ལམ་པས་བསྒྱུར།

འོད་སྟོང་འཛིན་པའི་སྤོས་ཕོར་རི་ལས་དུད་སྤྲིན་སྨུག་པོ་ལང་ལོང་འཕགས།།

རིང་ནས་བལྟས་ཚེ་རྦབ་ཆུའི་དར་དཀར་ལྷུན་པོའི་དཔྲལ་བར་དཔྱངས་དང་འཕྲུལ།།

དྲག་ཤུལ་ཉམས་བརྒྱས་དཔག་ཚད་བྱེ་བའི་ཅོང་གཡང་མཐིལ་དུ་གཞོལ་བ་ན།།

དགུ་ཚིགས་སྐྱ་མོའི་མཐའ་ནས་མཆེད་དེ་མི་ཡུལ་ཁམས་སུ་བསྙིལ་ལམ་སྙམ།།

༢༠༢༡ལོའི་ཟླ༤ཚེས༢༩ཉིན་བསྒྱུར།
12#
发布于:2024-04-19 22:18
琴 歌

唐·李颀

主人有酒欢今夕,请奏鸣琴广陵客。

月照城头乌半飞,霜凄万树风入衣。

铜炉华烛烛增辉,初弹渌水后楚妃。

一声已动物皆静,四座无言星欲稀。

清淮奉使千馀里,敢告云山从此始。


རྒྱུད་མངས་ཀྱི་གླུ།

ལི་ཆི་ཡིས་བརྩམས། སྒང་ལམ་པས་བསྒྱུར།

图片

མགྲོན་གཉེར་བདག་པོས་རབ་དྭངས་བདུད་རྩིའི་གསོལ་སྟོན་འགྱེད།།

རྒྱུད་མངས་མཁན་པོས་དབྱངས་སྙན་རྩལ་དགུའི་སྤྲོ་དགའ་དཀྲོལ།།

ལྕགས་རིའི་རྩེ་ནས་དུང་ཟླ་འཚེར་ཞིང་ཕོ་རོག་ལྡིང་།།

སད་དང་བསེར་བུས་ལྕུག་ཕྲན་བཅོམས་ཤིང་ཕྱི་གོས་འཁྱག།

ཐབ་ནང་མེ་ལྕེ་སྒྲོན་མེའི་མདངས་བཞིན་ལམ་ལམ་འཚེར།།

ལུའུ་ཧྲེའུ་གླུ་དང་ཁྲོའུ་ཧྥེ་གཞས་དབྱངས་སྔ་ཕྱིར་དཀྲོལ།།

སྙན་འཇེབས་སྒྲ་ཡིས་འཛིན་མའི་ཁྱོན་ཀུན་དབེན་པར་བྱས།།

ཕྱོགས་ཀྱི་མགྲོན་པོས་སྨྲ་བ་བསྡམས་ཚེ་སྐར་མདངས་མོག།

གནམ་སྲས་བཀའ་བཞིན་ལེ་དབར་སྟོང་གི་ཆིན་ཧའེ་སླེབས།།

སྤྲིན་འཛིན་རི་ལ་དབེན་གནས་འགྲིམ་པའི་གཏམ་འདི་སྒྲོག།

༢༠༢༡ལོའི་ཟླ༤ཚེས༧ཉིན་བསྒྱུར།
13#
发布于:2024-04-19 22:19
落 花



唐·李商隐



高阁客竟去,小园花乱飞。

参差连曲陌,迢递送斜晖。

肠断未忍扫,眼穿仍欲归。

芳心向春尽,所得是沾衣。



图片

མེ་ཏོག་བྲུལ་བ།

ལི་ཧྲེང་དབྱིན་གྱིས་བརྩམས། སྒང་ལམ་པས་བསྒྱུར།

图片



ཁང་ཐོག་སྐུ་མགྲོན་སྔ་ནས་རྒྱང་དུ་བཤེགས།།
ལྡུམ་རའི་མེ་ཏོག་རླུང་བུས་ཕྱོགས་སུ་སྐྱོད།།
མེ་ཏོག་ཡལ་ག་ཀྱག་ཀྱོག་ལམ་བུར་འཁྱུད།།
བྲུལ་བའི་མེ་ཏོག་ཉི་ནུབ་མདངས་ལྟར་ཉམས།།
ཞེ་གཏིང་འཁྲུགས་ཚེ་ཕྱགས་པའི་འདུན་པ་བྲལ།།
ལྷག་པའི་ཡལ་འདབ་སླར་ཡང་གསོན་པར་རེ།།
བསུང་ཞིམ་མེ་ཏོག་དཔྱིད་དཔལ་ཕང་བར་བཞད།།
ཕྱིར་དྲན་ཀློང་དུ་མིག་ཆུས་ཕྱི་གོས་བརླན།།
༢༠༢༡ལོའི་ཟླ༣ཚེས༣ཉིན་བསྒྱུར།
14#
发布于:2024-04-19 22:20
子夜吴歌
李白



长安一片月,

万户捣衣声。

秋风吹不尽,

总是玉关情。

何日平胡虏,

良人罢远征。



图片

ནམ་ཕྱེད་ཀྱི་ཝུའུ་གླུ

ལི་པའེ་ཡིས་བརྩམས། སྒང་ལམ་པས་བསྒྱུར།

图片

ཁྲང་ཨན་མཁར་དུ་ལྷུན་ཆགས་བསིལ་ཟེར་འཁྱིལ།།

དུད་ཁྱིམ་ཁྲི་ཡི་གོས་འཁྲིད་རྡེག་པའི་སྒྲ།།

སྟོན་རླུང་ངོགས་སུ་མཚམས་མེད་ཡང་ཡང་མཆེད།།

ཁྱིམ་གྱི་དགའ་མས་རྒྱང་རིང་ཁྱོ་བོ་དྲན།།

ས་མཐའི་གཡུལ་འཁྲུག་ནམ་ཞིག་འཇགས་པའི་ཚེ།།

སྙིང་གི་ཁྱོ་བོའི་རྒྱང་འདུལ་རྫོགས་པར་གསོལ།།

༢༠༢༡ལོའི་ཟླ༡ཚེས༢༩ཉིན་བསྒྱུར།
15#
发布于:2024-04-19 22:20
回乡偶书
唐·贺知章



其一

少小离家老大回,乡音无改鬓毛衰。

儿童相见不相识,笑问客从何处来。



其二

离别家乡岁月多,近来人事半消磨。

惟有门前镜湖水,春风不改旧时波。



图片

རང་ཡུལ་དུ་ལོག་པ།

ཧོ་ཏྲི་ཀྲང་གིས་བརྩམས། སྒང་ལམ་པས་བསྒྱུར།

图片

དང་པོ།

གཞོན་དུས་གཅེས་པའི་ཕ་ཡུལ་རྒྱབ་ཏུ་བསྐྱུར།།

རྒས་དུས་རང་ཡུལ་ཕྱོགས་སུ་རྡོག་པས་མནན།།

ཕ་སྐད་བརྗེད་མེད་འགྲམ་སྐྲ་དཀར་པོར་འགྱུར།།

ལོ་ཆུང་བྱིས་པས་མཐོང་ཡང་ཤེས་མི་འགྱུར།།

བཞད་གད་ཚུལ་གྱིས་རྒྱང་རིང་མགྲོན་པོ་ཁྱེད།།

ཡུལ་ཕྱོགས་གང་ནས་བྱོན་ཚུལ་ཡང་ཡང་འདྲི།།



གཉིས་པ།

ལྟེ་ཁྲག་འཕོ་སའི་ཡུལ་དང་བྲལ་ཉིད་ནས།།

ལོ་ཟླའི་གཙང་པོ་མི་སྡོད་རིང་དུ་བརྒྱུགས།།

ཡུལ་གྱི་འཕོ་འགྱུར་རང་བློས་དཔོག་པར་དཀའ།།

མེ་ལོང་འཁྱིལ་འདྲའི་སྒོ་མདུན་གཡུ་ཡི་མཚོ།།

དཔྱིད་རླུང་ངོགས་སུ་སྔར་ལྟར་རླབས་རིས་འཁྱུག།

༢༠༢༠ལོའི་ཟླ༡༢ཚེས༣༡ཉིན་བསྒྱུར།
16#
发布于:2024-04-19 22:21
长干行

■李 白

图片

妾发初覆额,折花门前剧。

郎骑竹马来,绕床弄青梅。

同居长干里,两小无嫌猜。

十四为君妇,羞颜未尝开。

低头向暗壁,千唤不一回。

十五始展眉,愿同尘与灰。

常存抱柱信,岂上望夫台。

十六君远行,瞿塘滟滪堆。

五月不可触,猿声天上哀。

门前迟行迹,一一生绿苔。

苔深不能扫,落叶秋风早。

八月蝴蝶来,双飞西园草。

感此伤妾心,坐愁红颜老。

早晚下三巴,预将书报家。

相迎不道远,直至长风沙。

图片

ཁྲང་ཀན་གཞས།

ལི་པའེ་ཡིས་བརྩམས། སྒང་ལམ་པས་བསྒྱུར།

图片



ཆུང་ཆུང་སྐྲ་ལོ་དཔྲལ་བར་འཕྱང་པའི་དུས།།

སྒོ་མོའི་འགྲམ་ནས་མེ་ཏོག་སླེ་བཞིན་རྩེད།།

ཁྱེད་ཀྱིས་སྨྱུག་མའི་རྟ་ལ་ཞོན་ཏེ་སླེབས།།

དཔྱིད་ཀའི་མེ་ཏོག་འཕེན་བཞིན་ཅི་དགར་རྩེད།།

ཁྲང་ཀན་སྲང་ནས་ཡུན་རིང་མཉམ་དུ་འཚོ།།

འདྲིས་པའི་ཆུང་གྲོགས་ཕན་ཚུན་བློ་དོགས་བྲལ།།

མོ་ལོ་བཅུ་བཞིར་ཉིད་ཀྱིས་མདུན་མར་བསུས།།

སྐྱེངས་བའི་ཚུལ་གྱིས་འཛུམ་ཞལ་བསྟན་པ་མེད།།

མགོ་བོ་སྨད་དེ་རྩིག་པའི་ལོགས་སུ་འཁོར།།

ལན་མང་བོས་ཀྱང་ཕྱི་བལྟས་སྤོབས་པ་བྲལ།།

བཅོ་ལྔའི་ལང་ཚོར་དགའ་མགུའི་སྨིན་མདུད་གྲོལ།།

ཇི་སྲིད་གཏན་དུ་འགྲོགས་པའི་བློ་ཐག་ཆོད།།

འགྱུར་མེད་བརྩེ་བའི་དམ་ཚིག་སེམས་ངོར་ཕབ།།

ཁྱོ་སྒུག་སྟེགས་བུར་འཛེགས་པ་བློ་ན་བྲལ།།

བཅུ་དྲུག་ན་སོར་ཁྱེད་ཉིད་ཕྱོགས་སུ་འགྲིམས།། 行

ཆུ་ཐང་འགག་གི་ཐེམ་གཟར་བརྒལ་བའི་དུས།།

དབྱར་གྱི་གཙང་ཆུས་དྲག་རླབས་སྐྱོམ་པར་གཟོབ།།

སྤྲ་སྲིན་ངར་སྐད་གནམ་སའི་ཁྱོན་ཀུན་ཁྱབ།།

སྒོ་མོའི་མདུན་དུ་བཞུད་ཁའི་ཞབས་རྗེས་གསལ།།

ཡུན་རིང་ཕྱིན་པས་སྔོ་དྲེག་སྟུག་པོས་གཡོགས།།

སྟོན་རླུང་ལྡང་ཞིང་སྡོང་ལོ་འཐོར་བའི་ཚེ།།

སྔོ་དྲེག་སྟུག་པོ་ཅིས་ཀྱང་འཕྱགས་པར་དཀའ།།

དབྱར་ཟླ་བརྒྱད་པར་ཕྱེ་ལེབ་སེར་པོའི་ཁྱུ།།

ཟུང་ཟུང་འགྲོགས་ནས་ནུབ་རའི་རྩྭ་གསེང་འཕུར།།

ཚུལ་འདི་མཐོང་འཕྲལ་ཡིད་གདུང་རབ་ཏུ་ལྕི།།

མཛེས་པའི་གཞོན་མདངས་རྒུད་པའི་མཐའ་རུ་ཟད།།

ནམ་ཞིག་པཱ་གསུམ་ཡུལ་ནས་ལོག་པའི་ཚེ།།

ཁྱིམ་དུ་འཕྲིན་གྱི་ཕོ་ཉ་ཐོངས་བར་མཛོད།།

བསུ་བའི་བགྲོད་ལམ་རིང་བར་མི་འཛེམས་ཤིང་།།

ཁྲང་ཧྥིན་ཧྲ་ལ་སླེབས་ཀྱང་འཇིགས་པ་བྲལ།།

༢༠༢༠ལོའི་ཟླ༡༢ཚེས༡༧ཉིན་བསྒྱུར།
17#
发布于:2024-04-19 22:21
旅夜书怀


杜甫



细草微风岸,

危樯独夜舟。

星垂平野阔,

月涌大江流。



名岂文章著,

官应老病休。

飘飘何所似?

天地一沙鸥。



图片

མཚན་མོའི་བགྲོད་པ་ཚིག་ལ་བརྒྱུས།

ཏུའུ་ཧྥུ་ཡིས་བརྩམས། སྒང་ལམ་པས་བསྒྱུར།

图片



བསིལ་འཇམ་རླུང་བུས་ཆུ་འགྲམ་རྩྭ་ཕྲན་གཡོ།།

ཁེར་ཧྲེང་གཡོར་གྲུ་མཚན་མོའི་གཙང་ངོགས་སྐྱོད།།

མདངས་ལྡན་སྐར་འོད་འཛིན་མའི་ཁྱོན་དུ་འཚེར།།

དྭངས་གསལ་ཟླ་འོད་གཙང་པོའི་རྒྱུན་ལ་འདྲེས།།



བདག་གི་སྙན་གྲགས་རྩོམ་ལ་མཁས་པས་སམ།།

ན་རྒས་སྙུང་གཞིས་དཔོན་གནས་བྲལ་ལ་ཐུག།

ཕྱོགས་སུ་འཁྱམ་ཞིང་ཅི་དགར་རོལ་བའི་ཚུལ།།

གནམ་སའི་མཚམས་ཀྱི་ཁེར་བགྲོད་སྐྱར་མོ་བཞིན།།

༢༠༢༠ལོའི་ཟླ༡༡ཚེས༢༦ཉིན་བསྒྱུར།
18#
发布于:2024-04-19 22:22




唐·白居易



离离原上草,一岁一枯荣。

野火烧不尽,春风吹又生。



远芳侵古道,晴翠接荒城。

又送王孙去,萋萋满别情。



图片

རྩྭ།

པའེ་ཅིས་དབྱི་ཡིས་བརྩམས། སྒང་ལམ་པས་བསྒྱུར།

图片

སྤང་ལྗོངས་གཞི་ལ་སྔོ་རྩྭ་རབ་ཏུ་རྒྱས།།

ལོ་ཟླའི་འགྲོས་ལྟར་སྔོ་སྐྱ་རེས་མོས་མང་།།

ཡངས་པའི་སྤང་ལ་མེ་ཡི་མཚོ་ཆེན་འཕྱུར།།

དཔྱིད་རླུང་གཡོས་ཚེ་སླར་ཡང་སྐྱེ་སྟོབས་རྫོགས།།



རྒྱང་རིང་གནའ་ལམ་རྩྭ་ཡི་དྲི་བསུང་ཁྱབས།།

ཚང་ཚང་གཡུ་ལོ་མཁར་རྙིང་འདབས་སུ་གཡོགས།།

མཛའ་བའི་གྲོགས་ལ་སླར་ཡང་སྐྱེལ་མ་ཞུས།།

སྐྱེས་བཟང་དཔྱིད་རྩྭ་ཟབ་མོའི་བརྩེ་གདུང་བཞིན།།

༢༠༢༠ལོའི་ཟླ༡༠ཚེས༢༨ཉིན་བསྒྱུར།
19#
发布于:2024-04-19 22:23
山居秋暝
唐·王维



空山新雨后,天气晚来秋。

明月松间照,清泉石上流。



竹喧归浣女,莲动下渔舟。

随意春芳歇,王孙自可留。



图片

སྟོན་སྲོད་ལ་རི་གྲོང་ནས་གནས་འཆའ་བ།

ཝང་ཝེས་བརྩམས། སྒང་ལམ་པས་བསྒྱུར་།

图片

སྟོང་བའི་རི་ལ་སྦྲང་ཆར་ཟམ་ཟིམ་འཇོ།།

སྲོད་ལ་སླེབས་ཚེ་སྟོན་གྱི་མཚར་སྡུག་རྫོགས།།

ཐང་ཤིང་རྩེ་ནས་དུང་ཟླའི་འོད་མདངས་འཚེར།།

རྡོ་བའི་སྟེང་ནས་ཆུ་མིག་ལྷུང་ལྷུང་འབབ།།



སྨྱུག་ཚལ་ཤག་སྒྲས་གོས་འཁྲུད་洗衣བུ་མོ་སླེབས།།

པད་འདབ་འདར་བས་ཉ་གྲུ་ཉེ་རུ་ཕྱིན།།

དཔྱིད་ཀྱི་རྩི་ཤིང་བསུང་ངད་ཡལ་གྱུར་ཀྱང་།།

སྟོན་གྱི་རི་ནས་གཏན་དུ་གནས་པས་ཆོག།

༢༠༢༠ལོའི་ཟླ༡༠ཚེས༡༥ཉིན་བསྒྱུར།
游客

返回顶部